གཟི་ཚ་སྡེ་དགུའི་ཁྱིམ་ཚང་དབུལ་བོ་དག་སྡོད་ཁང་གསར་པར་སྤར་ནས་ལོ་སར་ལ་རོལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བོད་སྐད་བརྙན་འཕྲིན། སྤེལ་དུས། 02-28


        ཟླ་དང་པོར་གཟི་ཚ་སྡེ་དགུ་རྫོང་ཧྲོང་ཧོ་གྲོང་རྡལ་མཐུན་སྒྲིལ་ཡུལ་ཚོ་དང་སུང་པའེ་ཡུལ་ཚོའི་ཚོ་ཆུང་གཉིས་པའི་སྡོད་ཁང་གསར་བའི་མཁའ་དབྱིངས་སུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་སྐྱོད་བཞིན་འདུག་ལ། ཐུན་མིན་ཁྱད་ཆོས་ཀྱི་ཕྱུག་པའི་བོད་ལུགས་གྲོང་སྡེའི་རྣམ་པ་གསར་བས་ཡོངས་སུ་ཕྱུག་འདུག་ཅིང་། ད་ལོར་རྫོང་ཡོངས་ཀྱི་ཁྱིམ་ཚང་དབུལ་བོ་48ཀྱིས་སྡོད་ཁང་གསར་བར་སྤར་ནས་གནམ་ལོ་གསར་བའི་དགའ་སྐྱིད་ལ་རོལ་ཡོད་པ་རེད།

        རྒྱུས་ལོན་བྱས་པ་ལྟར་ན།གཟི་ཚ་སྡེ་དགུ་རྫོང་ཧྲོང་ཧེ་གྲོང་རྡལ་དབུལ་སྐྱོར་སྡོད་དམངས་གསར་བར་2017ལོའི་ཟླ་བ་གསུམ་ནས་ལས་འགོ་བརྩམས་པ་དང་།སྔོན་དཔག་བྱས་པ་ལྟར་ན་མ་དངུལ་ཁྲི་9576ཡིན་ལ།མི་རེའི་ཆ་སྙོམས་ཀྱི་ཁ་གསབ་རོགས་དངུལ་ཁྲི་2.218ཡིན། ལོ་མཇུག་ལ་ཁྱིམ་ཚང་དབུལ་བོ་ཡོད་ཚད་སྡོད་གནས་སུ་སྤར་ཐུབ་པ་བྱེད་དགོས། མིག་སྔར་སྡོད་དམངས་རྣམས་ལ་གཅིག་གྱུར་གྱི་འཆར་གཞི་ལྟར། ཁང་བ་144བསྐྲུན་པའི་སྔོན་དཔག་བྱས་ཡོད། 2019ལོའི་ཟླ་གསུམ་པར་ཚང་མ་འཛུགས་སྐུན་ལེགས་འགྲུབ་འབྱུང་བ་དང་། མ་འོངས་པར་གཟི་ཚ་སྡེ་དགུ་རྫོང་གི་བོད་རིགས་གྲོང་སྡེ་ཆེས་ཆེ་བ་ཞིག་ཏུ་འགྱུར་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1