ཞིང་ཆེན་ཏང་ཨུའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཆེད་དོན་སྐོར་གཟིགས་ཚོ་ཆུང་གིས་བསམ་འཆར་ལྡོག་ལན་སྤྲོད་པར་དག་བཅོས་སྐུལ་སློང་དང་བཀོད་སྒྲིག་ཚོགས་ཆེན་དར་མདོར་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-04


        ཁུལ་ཡོངས་ཀྱིས་ཕུའུ་པོའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་དོན་ལས་བསླབ་བྱ་ཐོབ་པ་དང་ལེན་བྱས་པ་དང་གྱོད་དཔེར་བརྟེན་ནས་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་ཞིང་ཆེན་ཏང་ཨུའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཆེད་དོན་སྐོར་གཟིགས་ཚོ་ཆུང་གིས་བསམ་འཆར་ལྡོག་ལན་སྤྲོད་པར་དག་བཅོས་སྐུལ་སློང་དང་བཀོད་སྒྲིག་ཚོགས་ཆེན་དར་མདོར་འཚོགས།

        ཞིང་ཆེན་ཏང་ཨུའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཆེད་དོན་སྐོར་གཟིགས་ཚོ་ཆུང་གིས་བསམ་འཆར་ལྡོག་ལན་སྤྲོད་པར་དག་བཅོས་སྐུལ་སློང་དང་བཀོད་སྒྲིག་ཚོགས་ཆེན་དར་མདོར་འཚོགས།
        སྤྱི་ཟླ2པའི་ཚེས26ཉིན་གྱི་ཕྱི་དྲོར། ཁུལ་ཡོངས་ཀྱི་ཕུའུ་པོའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་དོན་ཚབས་ཆེན་ལས་བསླབ་བྱ་ཐོབ་པ་དང་ལེན་བྱས་ཏེ་གྱོད་དཔེར་བརྟེན་ནས་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་ཞིང་ཆེན་ཏང་ཨུའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཆེད་དོན་སྐོར་གཟིགས་ཚོ་ཆུང་གིས་བསམ་འཆར་ལྡོག་ལན་སྤྲོད་པར་དག་བཅོས་སྐུལ་སློང་དང་བཀོད་སྒྲིག་ཚོགས་ཆེན་དར་མདོར་འཚོགས་ཤིང་། གྲོས་ཚོགས་ཐོག་ཕུའུ་པོའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་དོན་ཚབས་ཆེན་ལས་བསླབ་བྱ་ཐོབ་པ་དང་ལེན་ཟབ་པོ་བྱས་པ་དང་གྱོད་དཔེར་བརྟེན་ནས་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་ཞིང་ཆེན་ཏང་ཨུའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཆེད་དོན་སྐོར་གཟིགས་ཚོ་ཆུང་གིས་བསམ་འཆར་ལྡོག་ལན་སྤྲོད་པར་དག་ཐེར་བཅོས་སྐྱོང་ལས་ཀ་བཀོད་སྒྲིག་བྱས་པ། ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཏང་ནན་སྐྱོང་གི་བཀོད་སྒྲིག་གལ་ཆེན་ལ་སྐུལ་འདེད་ཟབ་ཏུ་བཏང་ནས་དབུལ་ཐར་འགག་སྒྲོལ་རྒྱལ་ཁ་ཕུ་ཐག་ཆོད་པར་ཁག་ཐེག་བྱས་ཏེ་ཁུལ་ཡོངས་ཀྱི་ལས་ཀ་ཁག་ཡང་དུ་སྐས་རིམ་གསར་པའི་ཐོག་བསླེབ་པར་སྐུལ་འདེད་གཏོང་བ་རེད།
        ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་ཆེན་ནང་ཞུགས་ཤིང་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གཙོ་འགན་བཞེས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ཀྲེན་ཧྭ་བཅས་གྲོས་ཚོགས་ནང་ཞུགས་ཡོད་པ་རེད།
        ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཕུའུ་པོའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་དོན་ཚབས་ཆེན་ལས་བསླབ་བྱ་ཐོབ་པ་དང་ལེན་ཟབ་པོ་བྱས་ནས་གྱོད་དཔེར་བརྟེན་ནས་ལེགས་བཅོས་བྱེད་པར་སྐུལ་འདེད་གཏང་དགོས་ཞེས་གསུངས་པ་རེད།
        ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཀྲུང་དབྱང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་སྐུལ་ཨུ་ལྷན་གྱིས་ཕུའུ་པོའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་བརྟག་དཔྱད་བྱས་མཐར། བཅའ་ཁྲིམས་ལྟར་ཆད་གཅོད་ནན་པོ་བྱེད་པ་དེས་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཟོད་སྒོམ་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ཆད་གཅོད་མཐའ་གཅིག་ཏུ་གཏོང་བའི་ཆོད་སེམས་དང་བློ་བརྟན་འགྱུར་མེད་ཀྱིས་ཏང་ལ་དོ་དམ་དང་བཅོས་སྐྱོང་བྱས་པའི་བློ་རྩ་བརྟན་པོ། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོན་པོས་འགན་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་མཚོན་ཡོད་པ་རེད།
        ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཞིང་ཆེན་ཏང་ཨུའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཆེད་དོན་སྐོར་གཟིགས་ཚོ་ཆུང་གིས་བསམ་འཆར་ལྡོག་ལན་སྤྲོད་པར་དག་ཐེར་བཅོས་སྐྱོང་བྱས་ནས་དབུལ་ཐར་འགག་སྒྲོལ་རྒྱལ་ཁ་ཕུ་ཐག་ཆོད་པར་ཁག་ཐེག་བྱ་དགོས། རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་བསྣན་ཏེ་ཏན་ཏིག་གིས་གྱོད་དཔེར་བརྟེན་ནས་ལེགས་བཅོས་བྱས་པ་དང་སྐོར་གཟིགས་དག་བཅོས་ཀྱི་སྲ་བརྟན་རང་བཞིན་དང་དངོས་ཕན་རང་བཞིན། ཡུན་རིང་གྲུབ་འབྲས་ཀྱི་རང་བཞིན་ཇེ་དྲག་ཡོང་བར་དམ་འཛིན་ཡག་པོ་བྱ་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1