དཀར་མཛེས་ཁུལ་གྱིས་མྱོང་རོལ་རྣམ་པའི་འཁྲབ་སྟོན་ཐེངས་དང་པོ་སྤེལ་ནས་མགོ་ཐང་དཔོན་གྲོང་དུ་ཡུལ་སྐོར་སྣེ་ལེན་བྱེད་འགོ་བཙུགས་པར་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-09


   སྤྱི་ཟླ5པའི་ཚེས1ཉིན་ལ་རང་ཁུལ་གྱི་ཐེངས་དང་པོའི་མྱོང་རོལ་རྣམ་པའི་འཁྲབ་སྟོན་བྱེད་སྒོ་སྟེ་དར་མདོ་གྲོང་ཁྱེར་མགོ་ཐང་སྡེ་ཁུལ་གྲོང་སྡེ་དར་རྒྱས་གཏོང་བའི་ལྔ་གཅིག་མྱོང་རོལ་རྣམ་པའི་འཁྲབ་སྟོན་དེ་དར་མདོ་གྲོང་ཁྱེར་སྨད་པ་ཤང་རི་གཡང་གྲོང་སྡེའི་བདེ་གསོ་སྤྲོ་གསེང་གི་དམངས་སྲོལ་གྲོང་སྡེར་སྤེལ་བ་རེད། དེ་ནི་དར་མདོ་གྲོང་ཁྱེར་གྱིས་བཟོ་སྐྲུན་ཞིབ་ཚགས་བྱས་པའི་ཚན་པ་དང་པོའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་གྲོང་སྡེ་དར་རྒྱས་དཔེ་སྟོན་ཁུལ་གྱི་གཙོ་གནད་ས་ཆར་ཡུལ་སྐོར་སྣེ་ལེན་བྱེད་འགོ་ཚུགས་པ་རེད།
    ལྔ་གཅིག་དུས་ཆེན་ནང་མྱོང་རོལ་རྣམ་པའི་འཁྲབ་སྟོན་དེ་དར་མདོ་གྲོང་ཁྱེར་རིག་གནས་རྒྱང་བསྒྲགས་ཡུལ་སྐོར་ཅུས་ཀྱིས་མགོ་ཐང་ས་ཁུལ་གྱི་རང་བྱུང་དང་རིག་གནས་ཐོན་ཁུངས་ལ་དམིགས་ནས་བཟོས་པ་ཞིག་ཡིན་ལ་འཁྲབ་སྟོན་ནང་གཅིག་རྗེས་གཅིག་མཐུད་དུ་སྨད་པ་ཤང་རི་གཡང་གྲོང་སྡེའི་བདེ་གསོ་སྤྲོ་གསེང་གི་དམངས་སྲོལ་གྲོང་སྡེའི་སྲོལ་རྒྱུན་རིག་གནས་སྟོན་ཞིང་། སྨད་པ་ཤང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་བསམ་ལམ་བརྒྱུད་ནས་ཐོན་ལས་སྒྱུར་བའི་གནས་ཚུལ་དངོས་མཚོན་ཐུབ། དེ་ནི་ཁྲེང་ཏུའུ་ནུབ་རྒྱབ་ཀྱི་མེ་ཏོག་ལྡུམ་ར་དང་བདེ་གསོ་སྤྲོ་གསེང་བྱེད་ཡུལ་ཞེས་པའི་དཀར་མཛེས་ཁུལ་གྱི་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་གྲོང་སྡེ་དར་རྒྱས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱས་ནས་མགོ་ཐང་སྨད་པའི་མི་དམངས་ལ་ཁེ་ཕན་ཐོབ་པའང་མཚོན་ཐུབ།
    མགོ་ཐང་དཔོན་གྲོང་ནི་དར་མདོ་གྲོང་ཁྱེར་གྱིས་ཁྲེང་ཏུའུ་ནུབ་རྒྱབ་ཀྱི་མེ་ཏོག་ལྡུམ་ར་དང་བདེ་གསོ་སྤྲོ་གསེང་བྱེད་ཡུལ་ཞེས་པའི་དཀར་མཛེས་ཁུལ་གྱི་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་གྲོང་སྡེ་དར་རྒྱས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་སྐབས་སུ་གཙོ་གནད་གླིང་ཁུལ་བདུན་འཛུགས་སྐྲུན་བྱས་པའི་ནང་གི་ཡ་གྱལ་ཞིག་ཡིན་པ་རེད། རིག་གནས་ཡུལ་སྐོར་དང་ཞིང་ལས་ཡུལ་སྐོར།ནགས་ལས་ཡུལ་སྐོར་བཅས་ཚད་མཐོན་པོས་མཉམ་བསྲེས་བྱས་པའི་ཞིང་ར་ཕྱོགས་བསྡུས་ལས་གཞི་ཞིག་བསྐྲུན་པ་ནི་ལས་གཞི་དེའི་དམིགས་འབེན་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1