ཝུན་ཁྲོན་གྱི་མ་ལ་སུང་སྙིང་སྟོབས་དར་ཞིང་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-16


       ཟླ་5པའི་ཚེས་12ཉིན་གྱི་སྔ་དྲོར། ཝུན་ཁྲོན་རྫོང་ཡིང་ཞིའུ་གྲོང་རྡལ་དུ་འགྲན་མགོ་རྩོམ་པའི་བོའུ་སྐད་གྲགས་མ་ཐག་2019ལོའི་ཝུན་ཁྲོན་མ་ལ་སུང་འགྲན་སྡུར་དངོས་སུ་འགྲན་མགོ་ཚུགས་ཤིང་། ཨ་མེ་རི་ཁ་དང་འཇར་མན། ཁ་ན་ཏ། རྒྱ་གར། འབར་མ། སིང་ཀ་ཕོར། ཀྲུང་གོའི་ཐའེ་ཝན། ཀྲུང་གོའི་ཤང་ཀང་། དེ་བཞིན་རྒྱལ་ནང་གི་ཀོང་ཏུང་དང་། པེ་ཅིང་། ཧྲང་ཧའེ་སོགས་ནས་ཕེབས་པའི་རྒྱལ་ཁབ་དང་ས་ཁུལ་13དང་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་27གྱི་འགྲན་ཞུགས་པ་8000ལྷག་འགྲན་སྡུར་ཁྲོད་ཞུགས་པ་རེད། 
        ཚང་མས་ཝུན་ཁྲོན་གྱི་དོམ་ཁྲའི་ཁྱིམ་གཞིས་དང་ཝུན་ཁྲོན་གྱི་ནོར་བུ་གསུམ་གྱི་ཁྱད་ཆོས་ལྡན་པའི་འགྲན་སྡུར་གྱི་གྱོན་ཆས་གོན་ནས་ཡིང་ཞིའུ་གྲོང་རྡལ་ཨའེ་ལི་ཧྥང་ནས་རྒྱུགས་མགོ་བརྩམས་ཏེ་ཞོན་ཁུའུ་གྲོང་རྡལ་བརྒྱུད་མཇུག་མཐར་ཧྲུའེ་མའོ་གྲོང་རྡལ་གྱི་རྔ་བའི་དགེ་འོས་སློབ་གླིང་དུ་འབྱོར་བ་རེད། 
        ཝུན་ཁྲོན་གྱི་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་ནི་རྔ་བའི་མི་རིགས་ཁག་གི་བུ་བུ་མོའི་རྣམ་པ་གསར་པ་མངོན་པ་དང་ས་ཁོངས་ཀྱི་སྐད་གྲགས་ཇེ་ཆེ་རུ་གཏོང་ཆེད་གཙོ་གནད་ཐོག་བཏོད་པའི་སྤུས་རྟགས་འགྲན་སྡུར་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་རང་ཉིད་ལ་འགྲན་སློང་དང་། དམིགས་ཚད་ལས་བརྒལ་བ། བློ་བརྟན་འགྱུར་མེད། ནམ་ཡང་རྒྱུན་སྐྱོང་གི་མ་ལ་སུང་སྙིང་སྟོབས་དང་ཚང་མ་བློ་གཅིག་དང་དམངས་སེམས་གཅིག་མཐུན། དཀའ་རུང་བློ་མི་ཞེད་པ་དང་ཕམ་རུང་དཔའ་མི་ཞུམ་པའི་རླབས་ཆེན་ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་དང་མཉམ་འདྲེས་གཏིང་ཟབ་བྱས་ནས། རྒྱ་ཆེའི་རྒྱུག་མཁན་ཚོས་མོས་པ་ལྡན་པའི་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་དང་། རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་བའི་མ་ལ་སུང་འགྲན་སྡུར། རྔ་བའི་དོམ་ཁྲའི་སྤུས་རྟགས་ཀྱི་མ་ལ་སུང་འགྲན་སྡུར་ཞིག་ཏུ་འགྱུར་བར་བརྩོན་རྒྱུ་རེད། 

     
      སྐབས་འདིའི་ཝུན་ཁྲོན་གྱི་མ་ལ་སུང་ལ་བཀྲག་མདངས་འཚེར་ས་མང་པོ་ཡོད་དེ། མ་ལ་སུང་འགྲན་སྡུར་དང་སྲེའུ་མངར་འཐོག་པའི་བྱ་འགུལ་མཉམ་སྤེལ་བྱས་པས་རྒྱ་ཆེའི་རྒྱུག་མཁན་གྱི་མྱོང་ཚོར་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། ད་དུང་ངག་སྡམ་པའི་འགྲན་ལམ་བཀོད་སྒྲིག་བྱས་ནས་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་དྲན་གསོ་ཞུས་པ་རེད། འགྲན་སྡུར་མཇུག་སྒྲིལ་རྗེས། རྒྱུག་མཁན་དང་ལྗོངས་སྐོར་བས་ཧྲུའེ་མའོ་གྲོང་རྡལ་གྱི་སྲེའུ་མངར་ཚོང་ཁྲོམ་དུ་ས་གནས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་བྲོ་བ་མྱངས་ནས། ཞིང་ཆེན་ཡོངས་ཀྱི་ཐེན་ཧྥུའུ་ལྗོངས་སྐོར་གྲགས་ཅན་རྫོང་ཁག་དང་པོའི་གྲས་ཀྱི་ཝུན་ཁྲོན་རྫོང་གི་ཡུལ་སྲོལ་གོམས་གཤིས་ལ་མྱོང་རོལ་བྱས་པ་རེད། 
        འགྲན་སྡུར་གྱི་བྱ་དགའི་རྟགས་མ་Aལྔ་ཅན་གྱི་མཛེས་ལྗོངས་ཁུལ་ཏེ། ཝུན་ཁྲོན་དམིགས་བསལ་ལྗོངས་ཁུལ་མ་དཔེར་བཞག་ཡོད་ལ། དེའི་ནང་ཆའང་བརྐོས་དང་། སྲེའུ་མངར། ཧྲོའུ་ཤིས་མཚེའུ། ཁྲན་ཧྲོའུ་སྲང་རྙིང་སོགས་ཀྱི་གཞི་རྒྱུ་ཚུད་ཡོད་པས་ཝུན་ཁྲོན་གྱི་བོད་ཆའང་རིག་གནས་ཀྱི་ཟབ་དོན་གང་ལེགས་སྒོས་མངོན་ཡོད་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1