རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་རི་དྭགས་ཁྱུ་ཚོགས་ཇེ་མང་དང་ངལ་གསོ་ཁྱབ་ཁོངས་རྒྱ་ཇེ་ཆེར་སོང་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-13


             ལོ་ངོ་དུ་མའི་རིང་འབད་བརྩོན་བྱས་པ་བརྒྱུད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་སྐབས་དང་པོའི་ཞིང་ལས་དང་འབྲེལ་བའི་བཟོ་འགོད་ལས་གཞི་དག་ལེགས་འགྲུབ་བྱས་ཡོད་པ་དང་། དེས་རྩྭ་སའི་སྐྱེ་ཁམས་མ་ལག་སླར་གསོ་སོགས་ཀྱི་ཐད་ལ་ཕན་འབྲས་གལ་ཆེན་ཐོན་ཡོད། མིག་སྔའི་བར་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་རྩྭ་སའི་སྔོ་ཤུན་ཁེབས་ཚད་11.6%ཇེ་ཆེར་སོང་བ་དང་། ཆུ་ཁུངས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་28.4ཇེ་མང་ལ་སོང་ཡོད།

 

              རྩྭ་སའི་སྐྱེ་ཁམས་མ་ལག་གི་ཆུ་ཁུངས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་28.4ཇེ་མང་ལ་སོང་བ་དང་བསྟུན། སྐྱེ་དངོས་སྣ་མང་རང་བཞིན་རིམ་བཞིན་སླར་གསོ་དང་ཇེ་མང་དུ་སོང་བ་དང་། གཙོད་དང་དགོ་བ། རྐྱང་། འབྲོང་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་གྱིས་ཇེ་མང་དུ་སོང་བ་དང་། ངལ་གསོ་དང་བྱ་འགུལ་བྱེད་སའི་ཁྱབ་ཁོངས་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1