ཉིའུ་ཏུན་འགུལ་སྐྱོད་གཏན་སྲོལ་གཉིས་པ་སློབ་ཁྲིད་ཐད་ཀྱི་བསམ་གཞིག

མགོན་པོ་རབ་བརྟན། * ཚེ་རིང་འཚོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


[གནད་བཏུས] ཉིའུ་ཏུན་ཤུགས་རིག་པའི་ལྟེ་གནད་ནང་དོན་ནི་ཉིའུ་ཏུན་གཏན་སྲོལ་གཉིས་པ་ཡིན་ཞིང་། མཐོ་འབྲིང་དངོས་ལུགས་དང་སློབ་ཆེན་དངོས་ལུགས་ཀྱི་ཤུགས་རིག་པའི་གཞུང་ལུགས་བརྗོད་བྱའང་རྨང་གཞི་འདིའི་སྟེང་ནས་རྒྱས་འགྲེལ་བྱས་པ་ཡིན། འགྲོས་ཚད་དང་། འགྲོས་སྣོན་ཚད་དང་། རྫས་ཚད་བཅས་ཀྱང་ཉིའུ་ཏུན་གཏན་སྲོལ་གཉིས་པ་རྗོད་བྱེད་ཀྱི་ཆེས་གལ་ཆེ་བའི་གཞི་རྩའི་དོན་སྤྱི་གསུམ་ཡིན། དེ་བས་ཉིའུ་ཏུན་གཏན་སྲོལ་གཉིས་པ་སློབ་ཁྲིད་བྱེད་པའི་གོ་རིམ་དུ་གཏན་སྲོལ་གྱི་ཕྱི་རྐྱེན་ནང་རྐྱེན་དང་། མཚོན་ཚུལ་དང་འདུས་དོན། སྤྱོད་ཡུལ་དང་སྤྱོད་ཚུལ། རྒྱུ་འབྲས་འབྲེལ་པ་ཐད་ཀྱི་གནད་དོན་དབྱེ་བ་གསལ་པོར་ཕྱེས་ཏེ་གོ་བ་གཏིང་ལོན་པར་བྱ་རྒྱུ་དང་། དོན་སྤྱི་དེ་དག་གི་གོ་དོན་ཡང་དག་པར་རྟོགས་ཐུབ་མིན་ནི་རྗེས་ཕྱོགས་སུ་སློབ་མ་འཕེལ་རྒྱས་སུ་འགྲོ་ཐུབ་མིན་གྱི་ཁ་ལོ་སྒྱུར་བྱེད་ལྟ་བུ་ཡིན་པས། གནད་དོན་དེ་དག་གི་ཕྱོགས་གང་ཐད་ལ་བསམ་གཞིག་བྱས་ནས་དབྱེ་ཞིབ་རྒྱས་འགྲེལ་ཙམ་བྱས་ཡོད།

[གནད་ཚིག] ཉིའུ་ཏུན་གཏན་སྲོལ་གཉིས་པ། མཚོན་ཚུལ་རྣམ་པ། འགྲོས་སྣོན་ཚད། འགྲོས་ཚད། རྫས་ཚད།

དང་པོ། གཏན་སྲོལ་གྱི་ནང་དོན་བརྗོད་ཚུལ།

ཉིའུ་ཏུན་ཁོང་གིས་གཏན་སྲོལ་གཉིས་པ་ཞིབ་བརྗོད་བྱེད་ཚུལ་ནི།“འགུལ་སྐྱོད་ཀྱི་འགྱུར་བ་དང་ཐེབས་ཡོད་པའི་སྒུལ་ཤུགས་མཐུན་སྡུར་དུ་གྲུབ་པར་མ་ཟད། ཐེབས་ཤུགས་ཀྱི་དྲང་ཐིག་ཁ་ཕྱོགས་དེའི་སྟེང་དུ་འགྱུར་བ་འབྱུང་བ་རེད”ཅེས་གསུངས་ཡོད།

ཉིའུ་ཏུན་གཏན་སྲོལ་གཉིས་པའི་མཚོན་ཚུལ་རྣམ་པ་སྤྱིར་བཏང་དུ་རིགས་གསུམ་ཡོད་པ་གཤམ་ལྟར།

1.མཚོན་ཚུལ་རྣམ་པ་རིགས་དང་པོ་ནི།

དེང་རབས་ཀྱི་སྤྱི་འགྲོས་མཚོན་ཚུལ་རྣམ་པ་གཤམ་ལྟར་འབྲི་བ་སྟེ། རྣམ་པ་འདི་ནི་བལྟོས་མིན་སྨྲ་བའི་གནས་ཚུལ་འོག() གི་འབྲི་ཚུལ་ཡིན་ཏེ། ཚད་ཡོད་ཤུགས(རྒྱུན་མཐུད་ཤུགས)ཀྱི་བྱེད་ནུས་རྣམ་པ་ཡིན། འདི་ནི་བལྟོས་མིན་སྨྲ་བའི་གནས་ཚུལ་འོག་ཏུ། སྤྱིར་བཏང་གི་སློབ་དེབ་སྟེང་དུ་བཀོད་པའི་ཞིབ་བརྗོད་རྣམ་པ་ཡིན།ནི་གོམས་གཤིས་བལྟ་སའི་རྒྱུད་ལ་བལྟོས་པའི་འགུལ་སྐྱོད་དངོས་གཟུགས་ཀྱི་འགྲོས་སྣོན་ཚད་ཡིན། རྣམ་པ(2)དེ་རྨད་བྱུང་ཤུགས་རིག་ཁོངས་གཏོགས་སུ་སྤྱད་ན་སྟབས་བདེ་ཡིན་མོད། འོན་ཀྱང་བལྟོས་བཅས་སྨྲ་བའི་ཤུགས་རིག་ནང་དུ་ཉེར་སྤྱོད་བྱས་ཆོག་པ་མིན། རྣམ་པ(1)དེ་བལྟོས་བཅས་སྨྲ་བའི་ཤུགས་རིག་ནང་དུ་སྤྱད་ཆོག ཡིད་འཇོག་བྱེད་དགོས་པ་ཞིག་ནི། གོང་གི་རྣམ་པ་ཉེར་སྤྱོད་བྱེད་ཚེ། གཤམ་གྱི་ཆ་རྐྱེན་གཉིས་ལ་ངེས་པར་དུ་དོ་སྣང་ཆེན་པོ་བྱེད་དགོས། 


བལྟོས་མིན་སྨྲ་བའི་ཆ་རྐྱེན་ནི།


ཚད་ཡོད་ཤུགས་ཆ་རྐྱེན།

2.མཚོན་ཚུལ་རྣམ་པ་རིགས་གཉིས་པ་ནི།

ཐེབས་ཤུགས་ནི་འགུལ་ཚད་འགྱུར་ཕྱོད་ཀྱིས་གཏན་ཁེལ་བྱེད་པ་དང་། དེ་ནི་ཚད་ཡོད་ཤུགས་གནས་ཚུལ་ནང་གི་སྤྱིར་བཏང་རྣམ་པ་ཞིག་ཡིན། དེའི་རྒྱུ་མཚན་གཅིག་ནི། དངོས་ལུགས་རིག་པའི་ནང་དུ་འགུལ་ཚད་ཀྱི་དོན་སྤྱི་དེ་འགྲོས་ཚད་དང་འགྲོས་སྣོན་ཚད་ལས་ཁྱབ་ཆེ་ཞིང་གལ་ཆེ་བ་ཡིན། རྒྱུ་མཚན་ཅིག་ཤོས་ནི། བལྟོས་བཅས་སྨྲ་བའི་ཤེས་བྱ་ལས་དངོས་གཟུགས་ཀྱི་རྫས་ཚད་དེ་རང་གི་འགུལ་སྐྱོད་འགྲོས་ཚད་དང་འབྲེལ་པ་ཡོད་པ་ཤེས། ལྷག་པར་དུ་དངོས་གཟུགས་འགུལ་སྐྱོད་ཀྱི་འགྲོས་ཚད་དེ་འོད་འགྲོས་ལ་ཉེ་བར་གཅར་ཚེ། རྣམ་པ(2)ཚུགས་མི་ཐུབ་ཅིང་། རྣམ་པ(4)སྔར་བཞིན་ཚུགས་ཐུབ་པའི་རྐྱེན་གྱིས་ཡིན། རྣམ་པ་རིགས་འདི་ལ་ནང་གསེས་ཀྱི་རྣམ་པ་རིགས་གཉིས་ཡོད།


རིགས་གཅིག་ནི་རྫས་ཚད་ཀྱི་བལྟོས་བཅས་སྨྲ་བའི་འབྲས་སྣང་གིས་བསྐྱེད་པའི་རྣམ་པ་ཡིན་ཞིང་། རྣམ་པ་དེ་རྒྱུན་མཐུད་ཤུགས་བྱེད་ནུས་འོག་གི་འགྲོས་མཐོ་འགུལ་སྐྱོད་གནས་ཚུལ་ལ་ཤིན་ཏུ་འཚམ་པ་ཡིན། རིགས་ཅིག་ཤོས་ནི། རྫས་ཚད་འགྱུར་བའི་འབྲས་སྣང་གིས་བསྐྱེད་པའི་རྣམ་པ་ཡིན་ཞིང་། རྣམ་པ་འདི་སྤྱིར་བཏང་དུ་མེ་ཤུགས་འཕུར་མདའ་དང་། ཕྱོགས་ཁྲིད་འཕུར་མདེལ་ཐད་གྱི་གནད་དོན་ཐག་གཅོད་པའི་རྨང་གཞི་ཡིན། དེ་བས་ནམ་རྒྱུན་དུ་ཐག་གཅོད་བྱེད་པ་ནི་བལྟོས་མིན་སྨྲ་བའི་འགུལ་སྐྱོད་ཡིན།

3.མཚོན་ཚུལ་རྣམ་པ་རིགས་གསུམ་པ་ནི།

ཡང་ན། རྣམ་པ་འདི་ནི་ཉིའུ་ཏུན་གཏན་སྲོལ་གཉིས་པའི་ཆེས་སྤྱིར་བཏང་གི་རྣམ་པ་ཡིན་ཞིང་། དེ་ནི་རྒྱུན་མཐུད་ཀྱི་ཚད་ཡོད་ཤུགས་གནས་ཚུལ་ཐམས་ཅད་ལ་སྤྱད་ན་ཆོག་པར་མ་ཟད། ད་དུང“ཚད་མེད་ཆེ་བ”ཡི་སྐད་ཅིག་ཤུགས་གནས་ཚུལ་ཐག་གཅོད་པ་ལའང་སྤྱད་ཆོག རྣམ་པ་འདི་ལྷག་པར་དུ་གདོང་གཏུག་དང་འཕྲོ་གཏོང་། འགད་གཏོར་བཅས་ཀྱི་སྐད་ཅིག་བརྒྱུད་རིམ་ལ་སྤྱོད་པར་ཤིན་ཏུ་འཚམ་པ་ཡིན། དཔེར་ན། ནམ་རྒྱུན་གནས་ཚུལ་ནང་གི་སྐད་ཅིག་བརྒྱུད་རིམ་དུ་ཉེར་སྤྱོད་བྱེད་པའི་འགུལ་ཚད་བརྟན་སྲུང་གཏན་སྲོལ་ལྟ་བུའོ། །

གཉིས་པ། ཉིའུ་ཏུན་གཏན་སྲོལ་གཉིས་པའི་སྤྱོད་ཡུལ།

ཉིའུ་ཏུན་གྱི་བརྗོད་ཚུལ་ནང་གི“འགྲོས་ཚད” དང་།“དྲང་ཐིག”བཅས་དོན་སྤྱི་འདི་རྩ་དོན་སྟེང་དུ་རྫས་ཚེག་ཁོ་ནར་སྤྱོད་པ་ཡིན། དེའི་ཕྱིར་མ་དོན་གྱི་སྟེང་ཐད་ནས་བཤད་ན། ཉིའུ་ཏུན་གཏན་སྲོལ་གཉིས་པ་རྫས་ཚེག་རྐྱང་པ་ཁོ་ནར་སྤྱོད་པར་འཚམ་པ་ཡིན། ཡིན་ནའང་སློབ་དེབ་ཁ་ཤས་ཀྱི་ནང་དུ་གཏན་སྲོལ་གཉིས་པའི་ནང་དོན་ཞིབ་བརྗོད་བྱེད་པ་དེ་དང་ཁ་འཕྲོད་པ་མིན། ད་ལྟའི་མཐོ་འབྲིང་གི་སློབ་དེབ་ནང་དུ་འདི་ལྟར་ཞིབ་བརྗོད་བྱས་ཡོད་དེ།“དངོས་གཟུགས་ཀྱི་འགྲོས་སྣོན་ཚད་དེ་ཐེབས་པའི་ཕྱི་ཤུགས་ཀྱི་སྡོམ་ཤུགས་དང་མཐུན་སྡུར་གྲུབ་ཅིང་། དངོས་གཟུགས་ཀྱི་རྫས་ཚད་དང་ལྡོག་སྡུར་གྲུབ་པ་དང་། འགྲོས་སྣོན་ཚད་ཀྱི་ཁ་ཕྱོགས་དེ་སྡོམ་རྩིས་ཕྱི་ཤུགས་ཀྱི་ཁ་ཕྱོགས་དང་མཐུན།”ནང་དོན་ཞིབ་བརྗོད་དུ“ཕྱི་ཤུགས”ཀྱི་དོན་སྤྱི་གསལ་པོར་བཏོན་ཞིང་།“ཕྱི”དང“ནང”ནི་འགལ་ཟླའི་ཕྱོགས་གཉིས་ཡིན་པ་དང་། ཕན་ཚུན་ཁ་གཏད་དུ་ཡོད་པ་ནི་ཤུགས་གནས་པའི་ཆ་རྐྱེན་དུ་གྲུབ་པ་སྟེ།“ནང”མེད་ན“ཕྱི”ཡོད་ན་མེད་ན་གཅིག་ཡིན་པས་བརྗོད་ཚུལ་འདི་དོན་དངོས་སུ“དངོས་གཟུགས”ནང་རོལ་གྱི་ཕན་ཚུན་བྱེད་ནུས་ནང་དུ་བཤད་ཡོད་པ་ཁོག་ནས་ཁས་བླངས་པ་དང་མཚུངས། ཡང་དེ་ནི་རྫས་ཚེག་མིན། དེ་བས་གོང་དུ་བརྗོད་ཚུལ་ནི་མ་དོན་སྟེང་འོག་གི་ཉིའུ་ཏུན་གཏན་སྲོལ་གཉིས་པ་མིན་པར། དོན་དངོས་སུ་རྫས་ཚེག་ཚོ་སྐོར་ཤུགས་རིག་པའི་ནང་གི་རྫས་ལྟེ་འགུལ་སྐྱོད་ངེས་སྲོལ་ཡིན། ངེས་སྲོལ་འདིའི་བསྟན་དོན་ནི། དངོས་གཟུགས་ཀྱི་རྫས་ཚད་དང་རང་གི་རྫས་ལྟེ་འགྲོས་སྣོན་ཚད་ཀྱི་བསྒྱུར་བསགས་དེ་དངོས་གཟུགས་ལ་ཐེབས་པའི་སྡོམ་རྩིས་ཕྱི་ཤུགས་ཀྱི་ཕྱོགས་ཚད་བསྡོམས་ཡིན་ཏེ།

རྫས་ཚེག་ཚོ་སྐོར་གྱི་ནང་ཤུགས་ཀྱིས་རྫས་ལྟེའི་འགུལ་སྐྱོད་ལ་བསྒྱུར་བ་གཏོང་བ་མིན། མཐོ་འབྲིང་སློབ་དེབ་ཏུ་ཉིའུ་ཏུན་གཏན་སྲོལ་གཉིས་པའི་ནང་དོན་ཞིབ་བརྗོད་བྱེད་ཚེ། རྫས་ལྟེ་འགུལ་སྐྱོད་ངེས་སྲོལ་ནང་གི“ཕྱི་ཤུགས་ཀྱི་ཕྱོགས་ཚད་བསྡོམས”དེ“སྡོམ་རྩིས་ཕྱི་ཤུགས”ཁོ་ནར་བསྒྱུར་བ་ལས་གཞན་གྱི་ནང་དོན་བསྒྱུར་མེད། དེའི་རྒྱུ་མཚན་ནི་མཐོ་འབྲིང་གི་སྐབས་སུ་ད་དུང“ཕྱོགས་ཚད་བསྡོམས”ཀྱི་དོན་སྤྱི་ངོ་སྤྲོད་བྱས་མེད།

ཉིའུ་ཏུན་གཏན་སྲོལ་གཉིས་པ་ཉེར་སྤྱོད་ཀྱི་གནད་དོན་དང་འབྲེལ་པའི་ཐེབས་ཤུགས་རི་མོ་འབྲི་ཚེ། ཤུགས་ཀྱི་ཐེབས་གནས་ཐམས་ཅད་རྫས་ལྟེ་རུ་གཅིག་གྱུར་གྱིས་འབྲི་བ་ཡིན། དེ་ལས་གཞན་ཐེབས་ཤུགས་དངོས་གཟུགས་འཁོར་འགུལ་ལ་འབྲེལ་པ་ཡོད་པའི་ཤུགས་ཀྱི་བྱེད་ནུས་ཚེག་ཐམས་ཅད་ཡང་དག་པའི་སྒོ་ནས་ཤུགས་ཐེབས་གནས་སུ་འབྲི་བ་ཡིན། རྒྱུ་མཚན་ནི་གསལ་པོ་ཡིན་ཏེ། རྗས་ལྟེ་འགུལ་སྐྱོད་ངེས་སྲོལ་ནི་རྫས་ལྟེ་ཡིས་རྫས་ཚེག་ཚོ་སྐོར་གྱི་ཚབ་བྱེད་ཐུབ་པའི་སྙོམས་འགུལ་འགུལ་སྐྱོད་ཀྱིས་བརྩི་སྲུང་བྱེད་པའི་ཆོས་ཉིད་ཅིག་ཡིན་ཞིང་། འཁོར་འགུལ་འགུལ་སྐྱོད་ནི་དེ་དང་འབྲེལ་པ་མེད་པ་དང་། ཤུགས་རིག་ཆོས་ཉིད་གཞན་ཞིག་བརྩི་སྲུང་བྱེད་པ་ཡིན།

གསུམ་པ། ཉིའུ་ཏུན་གཏན་སྲོལ་གཉིས་པའི་དངོས་ལུགས་འདུས་དོན།

1.ཉིའུ་ཏུན་གཏན་སྲོལ་གཉིས་པ་དང་རྒྱུ་འབྲས་ཀྱི་འབྲེལ་པ།

ཉིའུ་ཏུན་གཏན་སྲོལ་གཉིས་པ་ནི་རྫས་ཚེག་ཤུགས་རིག་གི་སྲོག་ཤིང་ལྟ་བུའི་ལྟེ་གནད་གཏན་སྲོལ་ཡིན་པ་དང་། ཚད་ངེས་ཅན་གྱི་སྒོ་ནས་དངོས་གཟུགས་རང་ཉིད་ལ་ཐེབས་པའི་ཤུགས་དང་དངོས་གཟུགས་རང་ཉིད་འཕྲུལ་ཆས་འགུལ་སྐྱོད་བྱེད་པའི་རྣམ་པར་འགྱུར་ལྡོག་བྱུང་བ་བར་གྱི་རྒྱུ་འབྲས་འབྲེལ་བགསལ་སྟོན་བྱས་ཡོད། འབྲེལ་པ་དེ་ལས་དངོས་གཟུགས་ཀྱི་འཕྲུལ་ཆས་རྣམ་པ་འཇལ་བྱེད་འགུལ་ཚདདེ་དུས་ཚོད་དང་བསྟུན་པའི་འགྱུར་ཕྱོདནི་ཕྱི་བསྣན་ཤུགསཡི་བྱེད་ནུས་འབྲས་བུ་ཡིན་པ་མཐོང་སླ་སྟེ།ནི་འབྲས་བུ་ཡིན་པ་དང་། ནི་རྒྱུ་ཡིན། ཡིས་རྫས་ཚེག་སྟེང་བྱེད་ནུས་འདོན་པའི་ཕྱི་ཤུགས་ཐམས་ཅད་ཀྱི་སྡོམ་ཤུགས་མཚོན་པ་ཡིན། གཏན་སྲོལ་གཉིས་པས་རྫས་ཚེག་ལ་ཐེབས་པའི་སྡོམ་ཤུགས་དང་ཐོབ་པའི་འགྲོས་སྣོན་ཚད་ཀྱི་འབྲེལ་པ་སྐད་ཅིག་མ་མཚོན་ཡོད།

2. ཉིའུ་ཏུན་གཏན་སྲོལ་གཉིས་པ་དང་རྫས་ཚད།

རྫས་ཚད་ནི་ཉིའུ་ཏུན་གཏན་སྲོལ་གཉིས་པར་འདུས་པའི་གཞི་རྩའི་དངོས་ལུགས་ཚད་གསུམ་ལས་གཅིག་ཡིན། སློབ་འབྲིང་དངོས་ལུགས་སློབ་དེབ་ཏུ་རྫས་ཚད་ཀྱི་དོན་སྤྱི་དང་མཚན་ཉིད་ཐད་ལ་མཚོན་བྱེད་དཔེར་བརྗོད་ཅིག་བཞག་ཡོད་པ་ནི།“དངོས་གཟུགས་ལ་ཕྱི་ཤུགས་བྱེད་ནུས་ཐེབས་པ་ལ་བརྟེན་ནས་བྱུང་བའི་འགྲོས་སྣོན་ཚད་དེ་ཕྱི་ཤུགས་ལ་འབྲེལ་པ་ཡོད་པར་མ་ཟད། དངོས་གཟུགས་རང་གི་རྫས་ཚད་ལའང་འབྲེལ་པ་ཡོད། དཔེར་ན། འཁོར་སྒམ་ཡང་མོ་དང་ལྗིད་མོ་གཉིས་འདེད་ཤུགས་བྱེད་ནུས་འདྲ་མཚུངས་ལ་བརྟེན་ན། འཁོར་སྒམ་ཡང་མོ་འགུལ་མགོ་རྩོམ་པ་མགྱོགས་ཏེ། འགྲོས་སྣོན་ཚད་ཆེ་ཞིང་། འཁོར་སྒམ་ལྗིད་མོ་དེ་འགུལ་མགོ་རྩོམ་པ་དལ་བ་སྟེ། འགྲོས་སྣོན་ཚད་ཆུང་བ་ཡིན། འདིའི་རྒྱུ་མཚན་ཅི་ཡིན་ཞེ་ན། འཁོར་སྒམ་ཡང་མོའི་དངོས་རྫས་ཉུང་བས་རྫས་ཚད་ཆུང་ཞིང་། འགུལ་སྐྱོད་རྣམ་པ་འགྱུར་སླ(འགྲོས་སྣོན་ཚད་ཆེ)། དེ་བས་གོམས་གཤིས་ཆུང་བ་ཡིན། འཁོར་སྒམ་ལྗིད་མོའི་དངོས་རྫས་མང་བས་རྫས་ཚད་ཆེ་ཞིང་། འགུལ་སྐྱོད་རྣམ་པ་འགྱུར་སླ་བ(འགྲོས་སྣོན་ཚད་ཆུང)མིན། དེ་བས་གོམས་གཤིས་ཆེ་བ་ཡིན། དེ་ལས་མཐོང་ཐུབ་པ་ནི། དངོས་གཟུགས་སུ་འདུས་པའི་དངོས་རྫས་ཀྱི་མང་ཉུང་ལ་རྫས་ཚད་ཟེར་ཞིང་། རྫས་ཚད་ནི་དངོས་གཟུགས་གོམས་གཤིས་ཆེ་ཆུང་གི་ཚད་འཇལ་བྱེད་ཡིན། ”

གོང་གི་མཚན་ཉིད་ལ་རྒྱུས་ལོན་བྱེད་དུས། ཡིད་འཇོག་བྱ་དགོས་པ་ཞིག་ནི།

① རྫས་ཚད་ནི་དངོས་གཟུགས་ཀྱི་གཞི་གྲུབ་ངོ་བོ་རིགས་ཤིག་ཡིན་པར་མ་ཟད། ཚད་ངེས་ཅན་གྱི་ངོ་བོ་ཡིན། (“རྫས་དང་ཚད”ཀྱི་འདུས་དོན)རྫས་ཚད་ནི་གོམས་གཤིས་དྲག་ཞན་འཇལ་བྱེད་ཀྱི་དངོས་ལུགས་ཚད་ཁོ་ན་ཡིན་པ་ལས་གོམས་གཤིས་མིན།

②ཚད་འཇལ་བ་ནི་དངོས་གཟུགས་ཀྱི་སྙོམས་འགུལ་གོམས་གཤིས་ཡིན་པས། འདིར་རྫས་ཚད་ཀྱི་བསྟན་བྱ་ནི(སྙོམས་འགུལ)གོམས་གཤིས་རྫས་ཚད་ཡིན།

③“དངོས་གཟུགས་སུ་འདུས་པའི་དངོས་རྫས་ཀྱི་མང་ཉུང་ལ་རྫས་ཚད་ཟེར”ཞེས་པ་ནི། དམའ་འབྲིང་སློབ་དེབ་ཏུ་བཀོད་པའི་མཚན་ཉིད་ཡིན་པ་དང་། ཉིའུ་ཏུན་གྱིས་སྤྲད་པ་ཡིན་ཞིང་། ཚན་རིག་ལོ་རྒྱུས་སྟེང་རྫས་ཚད་ཀྱི་མཚན་ཉིད་ཐོག་མ་ཡིན།“རྫས་ཚད་ནི་དངོས་གཟུགས་གོམས་གཤིས་ཆེ་ཆུང་གི་ཚད་འཇལ་བྱེད་ཡིན”ཞེས་པ་ནི་དེང་རབས་ཀྱི་མཚན་ཉིད་ཡིན། དེ་ལྟར་རྒྱུས་ལོན་པ་ན། སྒུལ་ཤུགས་རིག་པའི་འདུས་དོན་ཡང་མངོན་ཞིང་། བལྟོས་བཅས་ཤུགས་རིག་ནང་དུའང་འགལ་ཟླ་མེད།

④དེང་རབས་ཀྱི“དངོས་རྫས་ཀྱི་ཚད” དང“རྫས་ཚད”གཉིས་ཕན་ཚུན་ཁེར་ཚུགས་ཀྱི་ཚད་གཉིས་ཡིན།

བཞི་པ། ཉིའུ་ཏུན་གཏན་སྲོལ་གཉིས་པ་ཉེར་སྤྱོད་བྱེད་ཚེ། ཡིད་འཇོག་བྱ་དགོས་པའི་གོ་རིམ་ལྔ།

རྫས་ཚེག་སྒུལ་ཤུགས་རིག་པས་གྲོས་སྡུར་བྱ་བའི་གནད་དོན་གཙོ་བོ་ནི་རྫས་ཚེག་གི་ཐེབས་ཤུགས་དང་འགུལ་སྐྱོད་ཀྱི་ཕན་ཚུན་འབྲེལ་པ་ཡིན། དཔེར་ན། ཤུགས་ལ་བརྟེན་ནས་འགུལ་སྐྱོད་བརྩི་བ་དང་། འགུལ་སྐྱོད་ལ་བརྟེན་ནས་ཤུགས་བརྩི་བ་ལྟ་བུ་ཡིན། གནད་དོན་རིགས་འདི་ཐག་གཅོད་ན། ཉིའུ་ཏུན་གཏན་སྲོལ་གཉིས་པ་དང་། དེའི་རྣམ་འབྱེད་རིགས་འདེད་ཀྱི་ངེས་སྲོལ་དང་གཏན་སྲོལ་བྱེ་བྲག་རྒྱུད་ཁོངས་སུ་སྤྱོད་པ་ཡང་དག་ཡིན་དགོས། ཉིའུ་ཏུན་འགུལ་སྐྱོད་གཏན་སྲོལ་གྱི་སྲོག་སྙིང་ནི་ཤུགས་ཡིན་ཞིང་། རྫས་ཚེག་སྒུལ་ཤུགས་རིག་པའི་གནད་དོན་ཐག་གཅོད་པའི་གནད་འགག་ཀྱང་ཡིན། དེ་བས་ཉིའུ་ཏུན་འགུལ་སྐྱོད་གཏན་སྲོལ་བེད་སྤྱོད་བྱེད་ཚེ། ཡིད་འཇོག་བྱ་དགོས་པའི་གོ་རིམ་ལྔ་ཡོད།

1.མཉམ་བྱ་ལསནི་གྲོས་སྡུར་བྱ་ཡུལ་ཡིན་པར་མ་ཟད། རྫས་ཚེག་ཏུ་བལྟས་ཆོག་པའི་དངོས་གཟུགས་ཀྱི་རྫས་ཚད་ཡིན་ཏེ། ནམ་རྒྱུན་དུ་བཤད་པའི་ཞིབ་འཇུག་བྱ་ཡུལ་གྱི་རྫས་ཚད་ཡིན། བྱེ་བྲག་གི་གནད་དོན་ཁྲོད་དུ། ཕན་ཚུན་འཆིང་འཛིན་དང་། ཕན་ཚུན་མཐུད་སྦྲེལ་གྱི་དབྱིབས་རྩིས་རང་བཞིན་མཚོན་ཆེད། སྤྱིར་བཏང་དུ་དབྱིབས་རྩིས་ཚེག་མི་སྤྱོད་པར་དབྱིབས་དང་ཆེ་ཆུང་ཡོད་པའི་དངོས་གཟུགས་ཀྱིས་རྫས་ཚེག་གི་ཚབ་བྱེད། ཞིབ་འཇུག་བྱ་ཡུལ་གསལ་པོར་མཐོང་སླད། དངོས་གཟུགས་དེ་ཕན་ཚུན་ལ་བྱེད་ནུས་འདོན་རེས་བྱེད་པ་ལས་ལོགས་སུ་ངེས་པར་འགེར་དགོས།

2.ནི་གྲོས་སྡུར་བྱ་བའི་རྫས་ཚེག་ལ་ཐེབས་པའི་ཕྱི་ཤུགས་མཐའ་དག་གི་སྡོམ་ཤུགས་ཡིན། གྲོས་སྡུར་ལ་སྟབས་བདེ་ཆེད། ཞིབ་འཇུག་བྱ་ཡུལ་གྱི་ཐེབས་ཤུགས་དོན་རིས་འབྲི་དགོས་པར་མ་ཟད། གཟུགས་སྣང་ཅན་གྱི་དག་ཐོན་པ་ཞིག་ཡིན་དགོས། ཤུགས་གཅིག་ཀྱང་ཆད་ལྷག་འབྱུང་མི་རུང་།

3.ནི་གྲོས་སྡུར་བྱ་བའི་རྫས་ཚེག་གི་འགྲོས་སྣོན་ཚད་ཡིན། ཉིའུ་ཏུན་གཏན་སྲོལ་གཉིས་པའི་ནང་གི་འགྲོས་སྣོན་ཚད་ཡང་དག་པར་འབྲི་ཆེད། རྫས་ཚེག་གི་འགུལ་སྐྱོད་ཐད་ལ་དབྱེ་ཞིབ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་སྟེ། ཞིབ་འཇུག་བྱ་ཡུལ་གྱི་འགུལ་སྐྱོད་འཁོར་ཤུལ་དང་། འགྲོས་ཚད་དང་། འགྲོས་སྣོན་ཚད་བཅས་ལ་དབྱེ་ཞིབ་བྱེད་དགོས། འདྲི་གཞིའི་གནད་དོན་དེ་དངོས་གཟུགས་མང་པོ་ལ་འབྲེལ་པ་ན། ད་དུང་དེ་དག་གི་འགུལ་སྐྱོད་བར་གྱི་འབྲེལ་པ་འཚོལ་དགོས་ཏེ། དེ་དག་གི་འགྲོས་ཚད་དམ་འགྲོས་སྣོན་ཚད་བར་གྱི་འབྲེལ་པ་ཡིན།

4.སྒུལ་ཤུགས་རིག་པའི་མཉམ་བྱ་ནི་ཕྱོགས་ཚད་མཉམ་བྱ་ཡིན། སྤྱིར་བཏང་གིས་བཤད་ན། ཁ་ཕྱོགས་ཡོད་པའི་དངོས་ལུགས་ཚད་གང་རུང་ཞིག་ལའང་ལྟོས་ཟླའི་གྲངས་གསུམ་རེ་ཡོད། འབྲས་བུ་བརྩི་བར་འདྲི་གཞིའི་ནང་དོན་དང་རྣམ་པ་གཞིར་བཟུང་ནས་འོས་འཚམ་གྱི་གནས་ཚད་མ་ལག་བདམས་ཏེ། གནས་ཚད་ཀྱི་ཕོ་ཕྱོགས་སམ་དངོས་ཕྱོགས་གཏན་ཁེལ་བྱས་རྗེས། ཉིའུ་ཏུན་གཏན་སྲོལ་གྱི་ཕྱོགས་ཚད་རྣམ་པ་དེ་གནས་ཚད་མ་ལག་སྟེང་གི་གསེས་ཚད་མཉམ་བྱ་ཚོ་སྐོར་གྱི་རྣམ་པར་བསྒྱུར་དགོས།

5.མཉམ་བྱ་ཚོ་སྐོར་འགྲེལ་དགོས། ཐོག་མར་ཚབ་གྲངས་མཚོན་རྟགས་ཀྱིས་མཚོན་པའི་འབྲས་བུ་བརྩིས་རྗེས། འོས་འཚམ་གྱི་རྩིས་གཞིའམ་སྡེ་ཚན་སྤྱད་ནས་གྲངས་ཐང་ཚབ་འཇུག་གིས་རྩིས་རྒྱག་དགོས་པར་མ་ཟད། རྩིས་འབྲས་ཀྱི་འཚམ་མིན་ལ་མཉམ་འཇོག་བྱེད་དགོས། དངོས་གཟུགས་ལ་ཐེབས་པའི་ཤུགས་དེ་གནས་སའི་འགྱུར་བ་དང་བསྟུན་ནས་འགྱུར་བ(འགུག་ཤུགས་དང་ལྡེམ་ཤུགས་ལྟ་བུ)དང་། དུས་ཚོད་ཀྱི་འགྱུར་བ་དང་བསྟུན་ནས་འགྱུར(གདོང་གཏུག་དང་དྲག་ཐེབས་འདར་འགུལ་ལྟ་བུ)བའམ། ཡང་ན་འགྲོས་ཚད་ཀྱི་འགྱུར་བ་དང་བསྟུན་ནས་འགྱུར(འབྱར་ཤུགས་ལྟ་བུ)ཚེ། འགྱུར་ཚད་དང་དབྱེ་འབྱེད་ཐབས་སྤྱད་ནས་ཆ་བསགས་བརྩི་དགོས།

ལྔ་པ། འབྲེལ་ཡོད་ཀྱི་གནད་དོན་ཁ་ཤས་གླེང་བ།

1.ཉིའུ་ཏུན་གཏན་སྲོལ་གཉིས་པ་འཛུགས་པའི་གཏན་ཚིགས་རང་བཞིན་གྱི་གནད་དོན་ཡིན། དེའི་ཐད་ལ་ཨོ་ཏི་ལེའི་སྙན་གྲགས་ཅན་གྱི་ཤུགས་རིག་པའི་དབང་པོ་མ་ཆིའི་བཤད་ཚུལ་ནི། ཉིའུ་ཏུན་གྱིས་རྫས་ཚད་དང་ཤུགས་གཉིས་ཀྱི་དོན་སྤྱི་ཞིབ་བརྗོད་ནང་དུ་ཚད་འཇལ་བྱེད་པའི་


* མགོན་པོ་རབ་བརྟན། མཚོ་སྔོན་ཞིང་ཆེན་བོད་ཡིག་ཆ་འཕྲིན་དང་རྩིས་འཁོར་ཡིག་སྒྱུར་གཙོ་གཉེར་དངོས་བཤེར་ཁང་དུ་ཕྱག་ལས་གནང་བཞིན་ཡོད།

* ཚེ་རིང་འཚོ། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང2016ལོའི་དངོས་ལུགས་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1