གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༠༣ཉིན།

འབྲོག་པ“རྐང་བདག”ལ་གྱུར་ཅིང་ལུག་ལ་བརྟེན་ནས་ཕྱུག་པོ་ཆགས་པ།


     ◆མཉམ་ལས་ཁང་ལ་ཞུགས་མཁན་དུད་ཚང་གི་གྲངས་ཚད་དང་། ཕྱུགས་ཟོག རྩྭ་ར་སོགས་ཐོན་ཁུངས་བསྡུ་སྒྲིལ་བྱེད་ཚད་ཆ་སྙོམས་97.8%ཟིན་པ་དང་། མ་རྐང་ལ་ཞུགས་པའི་མ་དངུལ་སྒོར་ཁྲི་2381.7ཟིན་པ། མ་རྐང་སྤྱི་འབོར་ལ་ཕབ་ན་རྐང་སྐལ་47634ཟིན་པ།
     ◆2012ལོ་ནས་2018ལོ་བར། མཉམ་ལས་ཁང་གིས་ཁྱོན་དངུལ་སྨར་སྒོར་ཁྲི་1799.8བགོ་བཤའ་བརྒྱབ་པ།
     ◆2018ལོར། མཉམ་ལས་ཁང་ལ་འབབ་འཕར་སྒོར་ཁྲི་1254བྱུང་བ། དངུལ་སྨར་སྒོར་ཁྲི་565.5བགོ་བཤའ་བརྒྱབ་པ། མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.53ཟིན་པ།
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཆ་སྙོམས་ས་བབ་སྨི་3500ཟིན་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྩེ་ཁོག་རྫོང་ཉིན་ཤུག་ཤང་དུང་དཀར་གྲོང་ཚོ་ནི་མཚོ་སྔོན་ལྷོ་ཕྱོགས་ཀྱི་རྩེད་ཆུ་རྩྭ་ཐང་གི་སྐམ་ཤས་ཆེ་བའི་འབྲོག་ལས་གྲོང་ཚོ་ཞིག་ཡིན་པ་དང་མི་རེའི་ཆ་སྙོམས་རྩྭ་ཐང་གི་རྒྱ་ཁྱོན་མུའུ་བརྒྱ་ཡང་ཟིན་གྱི་མེད། 2010ལོའི་ལོ་མཇུག་ཏུ་སླེབས་སྐབས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་2512ལས་ཟིན་མེད་པས། རྩེ་ཁོག་རྫོང་གི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གྲོང་ཚོ་དབུལ་པོ་གཙོ་བོ་ཞིག་རེད།
     དུས་ཡུན་རིང་པོའི་ནང་ཐོན་ལས་ཀྱི་གྲུབ་ཆ་སྣ་རྐྱང་བ་་དང་། ཐོན་སྐྱེད་གཉེར་སྐྱོང་རགས་ལས་རྣམ་པར་ལུས་པ། འབྲོག་ལས་ཐོན་ཁུངས་གཞན་སྒྱུར་བྱེད་ཚད་དམའ་བས། འབྲོག་པ་མང་ཚོགས་ཚོའི་འཚོ་གནས་དང་འཕེལ་རྒྱས་ཀྱི་ཀ་རྟེན་ཐོན་ལས་ཏེ་འབྲོག་ལས་ཀྱི་ཆུ་ཚད་ཀྱང་དམའ་པོ་རེད། མི་འབོར་མང་དུ་ཕྱིན་པ་དང་བསྟུན་ནས་ཕྱུགས་ཟོག་གི་གྲངས་ཚད་ཀྱང་རྒྱུན་ཆད་མེད་པར་འཕར་ཞིང་། རྩྭ་ཕྱུགས་ཀྱི་འགལ་བ་ཉིན་བཞིན་མངོན་གསལ་དོད་དུ་སོང་ཡོད།
     2011ལོའི་ཟླ་4པར། འབྲོག་པ་དུད་ཚང་36གིས་སྣོད་བཅུད་སྐྱེ་ལྡན་འབྲོག་ལས་ཆེད་ལས་མཉམ་ལས་ཁང་དངོས་སུ་བཙུགས་ཤིང་། ལོ་དེའི་ཟླ་བ་ལྔ་པར་མཉམ་ལས་ཁང་ལ་དཔལ་འབྱོར་གྱི་ཡོང་འབབ་རག་ཆེད། མཉམ་ལས་ཁང་2ཀྱི་དུད་ཚང་36གི་འབྲོག་པ་ཡོངས་རྫོགས་ཀྱི་སྒོར་ཁྲི་27.47ཡི་རྩྭ་ཐང་གི་བྱ་དགའི་ཁ་གསབ་མ་དངུལ་ཆ་ཚང་མཉམ་ལས་ཁང་གི་རྒྱུན་འཁོར་མ་དངུལ་དུ་བྱས་པ་རེད།
     གཉེར་སྐྱོང་ཞིབ་ཚགས་བྱས་པ་བརྒྱུད་མཉམ་ལས་ཁང་གིས་རྩྭ་ཐང་ལ་གཞིགས་ནས་ཕྱུགས་རིགས་གཏན་འཁེལ་དང་། གཟན་རྩྭས་ཕྱུགས་གསོ། ཡུག་བགོས་ཕྱུགས་འཚོ་བཅས་བྱས་ཁར། དུས་བཞིའི་འཚེར་ས་བགོས་ནས་རེས་མོས་སྒོས་ཕྱུགས་འཚོས་པས། རྩྭ་ར་ཞན་འགྱུར་གྱི་གནས་ཚུལ་བཀག་འགོག་ཐུབ་པ་དང་། དུས་མཚུངས། མཉམ་ལས་ཁང་གིས་དེར་ཞུགས་མཁན་གྱི་འཇོན་ཐང་ལ་གཞིགས་ཏེ་ཚོགས་ཆུང་དང་ཚོགས་པ་བགོས་ནས་འབབ་འཕར་གྱི་ཐབས་ལམ་མང་པོ་བཏོད་ཡོད། མཉམ་ལས་ཁང་བཙུགས་པའི་ལོ་དེར་འབྲོག་པ་དུད་ཚང་36ལ་ཁེ་གཙང་ཡོང་འབབ་སྒོར་ཁྲི་21བྱུང་ཡོད།
     འབྲོག་པ་ཚོས་ཕྱུག་འགྱུར་གྱི་རེ་བ་མཐོང་ནས་ཚང་མས་འཚང་ཁ་ཤིག་ཤིག་དང་རང་འགུལ་ངང་མཉམ་ལས་ཁང་ལ་ཞུགས་འགོ་བཙུགས། མིག་སྔའི་བར་གྲོང་ཚོ་ཡོངས་ཀྱི་དུད་ཚང་183གྱི་མི་གྲངས་892ནས་དུད་ཚང་181གི་མི་གྲངས་879མཉམ་ལས་ཁང་གི་མ་རྐང་ལ་ཞུགས་ཡོད། མ་རྐང་ལ་ཞུགས་པའི་རྩྭ་ཐང་མུའུ་ཁྲི་8.82(སྤྱི་ཆིང་5880ཙམ)ཟིན་པ་དེས་གྲོང་ཚོ་ཡོངས་ཀྱི་རྩྭ་ཐང་གི་རྒྱ་ཁྱོན་བསྡོམས་འབོར་གྱི་97.9%བཟུང་ཡོད། མ་རྐང་ལ་ཞུགས་པའི་ཕྱུགས་ཟོག་མགོ་གྲངས་7418ཟིན་པ་དེས་གྲོང་ཚོ་ཡོངས་ཀྱི་ཕྱུགས་ཟོག་མགོ་གྲངས་ཀྱི་95.7%བཟུང་ཞིང་། མཉམ་ལས་ཁང་ལ་ཞུགས་པའི་དུད་ཚང་གི་གྲངས་ཚད་དང་། ཕྱུགས་ཟོག རྩྭ་ར་སོགས་ཐོན་ཁུངས་བསྡུ་སྒྲིལ་བྱེད་ཚད་ཆ་སྙོམས་97.8%ཟིན་པ་དང་། མ་རྐང་ལ་ཞུགས་པའི་མ་དངུལ་སྒོར་ཁྲི་2381.7ཟིན་པ། མ་རྐང་སྤྱི་འབོར་ལ་ཕབ་ན་རྐང་སྐལ་47634ཟིན་པ་བཅས་ལས་མཉམ་ལས་ཁང་གི་མ་རྐང་སྒྱུར་བཀོད་དང་ཁྲིམས་འཛིན་གཞུང་དཔང་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད།
     2012ལོ་ནས་2018ལོ་བར། མཉམ་ལས་ཁང་གིས་ཁྱོན་དངུལ་སྨར་སྒོར་ཁྲི་1799.8བགོ་བཤའ་བརྒྱབ་པ་དང་། 2018ལོར་མཉམ་ལས་ཁང་ལ་འབབ་འཕར་སྒོར་ཁྲི་1254བྱུང་ཞིང་། དངུལ་སྨར་སྒོར་ཁྲི་565.5བགོ་བཤའ་བརྒྱབ་པ་དང་། མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.53ཟིན་པ་དེ་ལོ་གོང་མ་ལས་སྒོར་233མང་དུ་ཕྱིན་ཡོད།
     མིག་སྔར་མཉམ་ལས་ཁང་དེ་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁང་དང་། མཚོ་སྔོན་ཞིང་ཆེན་རྩྭ་སའི་སྣོད་བཅུད་འབྲོག་ལས་ཚོད་ལྟའི་ཁུལ་གྱི་ཚོད་ལྟ་ཁང་། མཚོ་སྔོན་སློབ་ཆེན་གྲོང་གསེབ་གསར་པ་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཁྱད་ལྡན་ཐོན་ལས་རྟེན་གཞི། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཁྱབ་གདལ་རྟེན་གཞི་ལེགས་གྲས་བཅུ། རྨ་ལྷོ་ཀྲོའུ་ཚན་རྩལ་ཁྱབ་གདལ་རྟེན་གཞི། རྩེ་ཁོག་རྫོང་ཀྲུང་དབྱང་ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭའི་ནུས་ཆེའི་གསོ་ཚགས་གསོ་སྦྱོང་རྟེན་གཞི་བཅས་སུ་བདམས་ནས་རྨ་ལྷོ་ཀྲོའུ་དང་དེ་བཞིན་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་ཡོངས་དབུལ་སྒྲོལ་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1