འདབ་པ་རྫོང་དང་དར་མདོ་རྫོང་གཉིས་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་རྫོང་དང་གྲོང་ཁྱེར་ཞེས་པའི་ཨང་རིམ་ཕྲེང་བསྒྲིགས་ཀྱི་དཀར་ཆག་ནང་ཚུད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-15


དར་མདོའི་སྟོན་ཀའི་མཛེས་ལྗོངས།

འདབ་པའི་མཛེས་ལྗོངས།

ཉེ་ཆར། ཀྲུང་གོའི་གྲོང་ཁྱེར་འགྲན་རྩོད་ནུས་ཤུགས་ཞིབ་འཇུག་ཚོགས་པས་2014ལོའི་ཀྲུང་གོའི་ཀྲུང་ཁྱེར་ཁག་བགོ་ལེགས་གྲས་ཀྱི་ཨང་རིམ་བསྒྲིགས་པའི་ཐོ་ཡིག་ཁྱབ་བསྒྲགས་བྱས། ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་རྫོང་དང་གྲོང་ཁྱེར་གྱི་ཨང་རིམ་ཕྲེང་བསྒྲིགས་དཀར་ཆག་ཁྲོད། ཀོང་ཞི་ཀུའེ་ལིན་དབྱང་ཧྲོའུ་རྫོང་ལ་གནམ་འོག་གི་ཆེས་མཛེས་པའི་ས་ཆ་ཞེས་པའི་མཚན་སྙན་བསྩལ་ཞིང་ཨང་དང་པོ་ཐོབ་པ་དང་། ཨང་གཉིས་པ་ནས་དྲུག་པ་སོ་སོ་ནི། ཧུའུ་ནན་ཧྥེང་ཧོང་རྫོང་དང་། ཀྲེ་ཅང་ཐུང་ལུའུ་རྫོང་། ཅང་ཞི་ཝུའུ་ཡོན་རྫོང་། བོད་ལྗོངས་རྒྱང་རྩེ་རྫོང་། སི་ཁྲོན་འདབ་པ་རྫོང་བཅས་ཡིན་ལ། སི་ཁྲོན་དར་མདོ་རྫོང་ནི་ཨང་28པ་ཡིན་འདུག  གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། འདབ་པ་རྫོང་དང་དར་མདོ་རྫོང་མ་གཏོགས་ཨང་རིམ་ཕྲེང་བསྒྲིགས་ཀྱི་དཀར་ཆག་ནང་ཚུད་མེད།

ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་རྫོང་དང་གྲོང་ཁྱེར་གྱི་ཨང་རིམ་ཕྲེང་བསྒྲིགས་དཀར་ཆག་ནི། གཙོ་བོ་འཆར་འགོད་ཀྱི་མཛེས་པ་དང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས་བཟང་བ། འཛུགས་སྐྲུན་ཁྱད་ཆོས་ལྡན་པ། ཞིང་གྲོང་གི་རིག་གནས་ཁོར་ཡུག་ལེགས་པ། རང་བྱུང་གི་ཁོར་ཡུག་གི་མཛེས་པ། མང་ཚོགས་ཀྱི་ཁམས་དང་མཐུན་པ་བཅས་ཕྱོགས་དྲུག་གི་ཚད་གཞི་ལ་བརྟེན་ནས་དཔྱད་འདེམས་ཚོ་ཆུང་གིས། གནས་ཁུལ་གྱི་ཁོར་ཡུག་དང་ཐུན་མོང་མ་ཡིན་པའི་རིག་གནས། རྣམ་དཔྱོད་ལྡན་པའི་ཡུལ་སྐོར། ཡུལ་སྲོལ་གོམས་གཤིས། ཁོར་ཡུག་སྲུང་སྐྱོང་། འཇོན་ཐང་ཅན་གྱི་མི་སྣ་བཀོད་སྒྲིག་སོགས་ཕྱོགས་11གི་སྐར་གྲངས་སྤྱི་བསྡོམས་བྱས་པ་ཡིན་ལ། སྐར་མའི་མཐོ་དམའ་ལྟར་རྫོང་དང་གྲོང་ཁྱེར་30ཡི་ཨང་རིམ་ཕྲེང་བསྒྲིགས་བྱས་པ་ཡིན། དེ་དག་གི་ཁྲོད་དུ་སི་ཁྲོན་ཞིང་ཆེན་གྱི་འདབ་པ་རྫོང་ལ་རིན་ཆེན་གསུམ་ལྡན་གྱི་གནས་མཆོག་ཅེས་པའི་མཚན་སྙན་གྱིས་ཨང་6ཐོབ་ཡོད་ལ། དར་མདོ་རྫོང་ལ་མཛའ་གཞས་ཀྱི་ཞིང་ཁམས་ཞེས་པའི་མཚན་སྙན་གྱིས་ཨང་28པ་ཐོབ་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1