སི་ཁྲོན་ཁྲོ་ཆུ་ཞང་ཞུང་གྲོང་ཚོའི་མཛེས་ལྗོངས།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-26


      ཟླ་6ཚེས་24ཉིན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྲོ་ཆུ་རྫོང་ཞང་ཞུང་གྲོང་ཚོའི་ལྟ་ན་སྡུག་པའི་ཡུལ་ལྗོངས་ཀྱིས་ཡུལ་སྐོར་བ་མང་པོ་བཀུགས་ཡོད། 5·12ས་འགུལ་གྱི་ཤུགས་རྐྱེན་ཐེབས་པས། ཞང་ཞུང་གྲོང་ཚོ་ནི་2020ལོར་གནས་སྤོས་པ་རེད། “གནས་སྤོ་ཐུབ་པ་དང་། གནས་སྡོད་ཐུབ་པ། འཕེལ་རྒྱས་གཏོང་ཐུབ་པ། ཕྱུག་པོར་འགྱུར་ཐུབ་པ ”ཡི་དམིགས་ཡུལ་མངོན་འགྱུར་བྱ་ཆེད། གྲོང་ཚོ་དེ་ནི་ཁྱད་དུ་འཕགས་པའི་གནས་བབ་ཀྱི་དགེ་མཚན་ལ་བརྟེན་པ་དང་། “ཀྲུའུ་པུའུ་+ཡུལ་སྐོར་ཀུང་སི+དུད་ཚང”གི་བྱེད་ཐབས་སྤྱད་ནས། ཤུགས་ཆེན་པོས་ཡུལ་སྐོར་དང་། སྤྲོ་གསེང་། རོལ་རྩེད། བཟའ་བཏུང་། གནས་སྡོད། ཉོ་ཚོང་། གུང་གསེང་གཏོང་བ་བཅས་གཞི་གཅིག་ཅན་གྱི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་ཡོད། 






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1