གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༠༢ཉིན།

དྲི་ཞིམ་ཕྱོགས་བཞིར་འཐུལ། ཉམས་མེད་གསོན་ཤུགས་རྒྱས།

—— འཕེལ་རྒྱས་འགྲོ་བཞིན་པའི་བོད་ལུགས་གསོ་རིག་ཐོན་ལས་ཀྱི་སྐོར་བཀོད་པ།


བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་གི་ལས་དོན་མི་སྣས་བོད་སྨན་གྱི་སྤུས་ཚད་ལ་ཞིབ་བཤེར་བྱེད་བཞིན་པ།


    “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་བོད་ཀྱི་སྨན་རྫས་བཟོ་སྐྲུན་ལས་རིགས་ཀྱིས་ལག་རྩལ་གསར་གཏོད་དང་ཞིབ་འཇུག་གསར་སྤེལ་གྱི་བདེན་དཔང་ར་སྤྲོད་ལས་དོན་ཧུར་ཐག་སྤེལ་ཞིང་། རིམ་རྩིས་བྱས་ན་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་སྒོར་དུང་ཕྱུར་1ལྷག་ཙམ་བཏང་ཡོད།
    བོད་ཀྱི་སྨན་རྫས་བཟོ་ལས་དང་ཁེ་ལས་ཀྱིས་ཚན་ཞིབ་རྣམ་གྲངས་43ལག་ལེན་བསྟར་བར་ཁེ་བེད་བདག་ཐོབ་ཁག་13དང་གསར་གཏོད་གྲུབ་འབྲས་ཁག་11ཐོབ་ཡོད།
   བོད་ཀྱི་སྨན་རྫས་ཁེ་ལས་ལ་རྒྱལ་ཁབ་སྨན་རྫས་ཀྱི་ཆོག་མཆན་ཡིག་ཨང་311ཐོབ་པའི་ནང་བོད་སྨན་སྣ་ཁ་159ཡོད།
   བོད་སྨན་གྱི་སྤུས་རྟགས་ཐོན་རྫས་22ལ་བོད་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་ཐོབ་པ་དང་རྒྱལ་ཁབ་ཀྱི་གྲགས་ཅན་ཚོང་རྟགས་ཐོབ་པའི་ཐོན་རྫས་2 བོད་སྨན་སྨན་རྒྱུའི་ཚད་གཞི་ལོན་པ་238ཡོད།
   འཆར་གཞི་སྔོན་ལ་བཀོད། ཁྱད་ཆོས་མངོན་གསལ་དོད།
   “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བོད་ལུགས་གསོ་རིག་ཐོན་ལས་ཚུད་པའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་མགྱོགས་པོ་བཏང་ནས“ལག་རྟགས་ཆེན་པོ”མང་དག་ཅིག་སྔ་རྗེས་སུ་ཕུལ་ཡོད།
    བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《ཀྲུང་ལུགས་གསོ་རིག་འཕེལ་རྒྱས་ཀྱི་འཐབ་ཇུས་འཆར་འགོད་རྩ་གནད(2016ལོ་ནས་2030ལོ་བར)སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》བཏོན་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེ་བཞིན་ལྗོངས་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་དང་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་སོགས་འབྲེལ་ཡོད་སྡེ་ཚན་གྱིས《ཀྲུང་ལུགས་གསོ་རིག་འཕེལ་རྒྱས་ཀྱི་འཐབ་ཇུས་འཆར་འགོད་རྩ་གནད(2016ལོ་ནས་2030ལོ་བར)སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》དང་། 《བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད》སོགས་སྲིད་ཇུས་དང་འཆར་འགོད་ཡིག་ཆ་རབ་དང་རིམ་པ་བཟོས་ནས་བོད་ཀྱི་སྨན་རྫས་ཐོན་ལས་ཀྱི་སྐྱོན་བྲལ་འཕེལ་རྒྱས་ལ་འགན་ལེན་སྔར་ལས་ལྷག་པ་བྱས་ཡོད།
     སྲིད་ཇུས་ཀྱི་རྒྱབ་སྐྱོར་རབ་དང་རིམ་པ་དང་། ལམ་སྲོལ་རེ་རེ་འཛུགས་སྐྱོང་། སྡེ་ཚན་ཁག་གིས་སེམས་ནུས་གཅིག་སྒྲིལ་བཅས་བྱས་པ་ལས་བོད་ལུགས་གསོ་རིག་ཐོན་ལས་ཀྱི་འཕེལ་རྒྱས་མྱུར་པོ་བྱུང་ཡོད།
    ལག་རྩལ་གསར་གཏོད་བྱས། རྒྱུན་འཛིན་འཕེལ་རྒྱས་བྱུང་།
    2018ལོའི་ཟླ་11ཚེས་28ཉིན། ཀྲུང་གོའི“བོད་ལུགས་གསོ་རིག་གི་ལུམས་བཅོས”མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་དང་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་གཞུང་དུ་དངོས་སུ་བཅུག་ཡོད།
    བོད་ལུགས་གསོ་རིག་གི་ལྗང་མདོག་སྐྱོན་བྲལ་དང་འདུ་བ་སྙོམས་སྒྲིག་གི་བསམ་གཞི་དང་། རྩོད་སྒྲུབ་སྨན་བཅོས་བྱེད་ཐབས། ཕྱོགས་བསྡུས་སྨན་བཅོས་བྱེད་ཐབས། དེ་བཞིན“ནད་མེད་སྔོན་འགོག”གི་བདེ་ཐང་བདེ་སྲུང་བྱེད་ཐབས་སོགས་ཀྱི་ལེགས་ཆ་སྔར་བས་མངོན་གསལ་དོད་དུ་སོང་ནས་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད།
    2017ལོ་ནས་བཟུང་། བོད་ཀྱི་གཞི་ཁྱོན་ཡན་གྱི་སྨན་རྫས་བཟོ་སྐྲུན་ཁེ་ལས་ཀྱི་བཟོ་ལས་ཀྱི་ཐོན་སྐྱེད་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་14.58ཟིན་པ་དེ་དུས་མཚུངས་ལས་11.04%འཕར་ཞིང་། བཟོ་ལས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་7.75ཟིན་པ་དེ་དུས་མཚུངས་ལས་8.1%འཕར་བ། སྨན་གྲུབ་མ་ཐོན་ཚད་ཏུན་2300ཟིན་པ་དེ་དུས་མཚུངས་ལས་10.1%འཕར་ཡོད།
    2018ལོར་སླེབས་སྐབས། བོད་ཀྱི་གཞི་ཁྱོན་ཡན་གྱི་སྨན་རྫས་བཟོ་སྐྲུན་ཁེ་ལས་ཀྱི་བཟོ་ལས་ཀྱི་ཐོན་སྐྱེད་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་17.26ཟིན་པ་དེ་དུས་མཚུངས་ལས་18.38%འཕར་བ་དང་། བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་9ཙམ་ཟིན་པ་དེ་དུས་མཚུངས་ལས་16.1%འཕར་བ། སྨན་གྲུབ་མ་ཐོན་ཚད་ཏུན་2600ཟིན་པ་དེ་དུས་མཚུངས་ལས་13%འཕར་ཡོད།
    དྲིལ་བསྒྲཌ་འོས་སྦྱོར་བྱས། འབྱུང་འགྱུར་ཕྱོགས་སུ་སྐྱོད།
    བོད་ལུགས་གསོ་རིག་དར་ཡུལ་བོད་ལ་སྨན་རྒྱུར་སྤྱོད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆཌ་དང་། རི་སྐྱེས་རྩྭ་རྩི་ཤིང་། དེ་བཞིན་གཏེར་རྫས་སོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་གཞུང》དུ་བཅུག་པའི་སྨན་རྫས་སྣ་ཁ་188ཟིན་གྱི་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པ”ཚུན་དུ། བོད་ཀྱི་འབྲེལ་ཡོད་སྡེ་ཚན་དང་བོད་སྨན་ཁེ་ལས་ཁག་གིས་བོད་ལུགས་གསོ་རིག་ཐོན་ལས་དྲིལ་བསྒྲགས་འོས་སྦྱོར་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་རྒྱལ་ནང་གི་ཁྲོམ་ར་རྒྱ་སྐྱེད་ཧུར་ཐག་བཏང་བ་དང་ཆབས་ཅིག ཉེ་འཁོར་གྱི་རྒྱལ་ཁབ་དང་སྤེལ་རེས་མཉམ་ལས་བྱེད་ཤུགས་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། སྤེལ་རེས་མཉམ་ལས་ལ་ལག་རྩལ་ཕྱིར་གཏོང་དང་། མཉམ་ལས་སྨན་ཁང་གཉེར་བ། དཔལ་འབྱོར་ཚོང་དོན་བྱེད་སྒོ་སྤེལ་བ་སོགས་ཚུད་ཡོད་པས། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ལུགས་གསོ་རིག་ཤེས་རྟོགས་ཐུབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།


འདི་ནི་པེ་ཅིང་སྨན་རྩིས་ཁང་གི་སྨན་སྦྱོར་བས་བོད་ལུགས་སྨན་རྒྱུའི་སྨན་ནུས་ཚོད་ལྟ་བྱེད་བཞིན་པ།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1