དར་མདོ་རྫོང་གིས་སྐབས་65པའི་ན་ཆུང་གདོང་ལེན་རུ་འཛུགས་ཉིན་མོའི་རྟེན་འབྲེལ་བྱེད་སྒོ་སྤེལ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-17


             སྤྱི་ཟླ་10པའི་ཚེས་14ཉིན་གྱི་སྔ་དྲོར། སྐབས་65པའི་ན་ཆུང་གདོང་ལེན་རུ་འཛུགས་ཉིན་མོར་རྟེན་འབྲེལ་ཞུ་ཆེད། དར་མདོ་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་དར་མདོ་རྫོང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཞུང་ལས་ཁང་གིས་གཙོ་སྒྲུབ་བྱས་ཤིང་། དར་མདོ་རྫོང་མི་རིགས་སློབ་ཆུང་གིས་སྒྲུབ་འགན་འཁུར་པའི་སྐབས་65པའི་ཀྲུང་གོའི་ན་ཆུང་གདོང་ལེན་རུ་འཛུགས་ཉིན་མོར་རྟེན་འབྲེལ་ཞུ་བའི་གླུ་གཞས་འགྲན་བསྡུར་དང་ལུག་མིག་མེ་ཏོག་འགྲེམ་སྟོན་དེ་མི་རིགས་སློབ་ཆུང་དུ་གཟབ་རྒྱས་ངང་སྤེལ།

           ཐེངས་འདིའི་རྟེན་འབྲེལ་བྱེད་སྒོར་དར་མདོ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་མཐོང་ཆེན་དང་རོགས་སྐྱོར་ཤུགས་ཆེན་ཐོབ་ཅིང་། རྫོང་རིག་གནས་ཁང་དང་རྫོང་སློབ་གསོ་ཅུས་སོགས་འབྲེལ་ཡོད་སྡེ་ཁག་ཐེངས་འདིའི་རྟེན་འབྲེལ་བྱེད་སྒོར་ཞུགས་ཡོད། ཐེངས་འདིའི་བྱེད་སྒོ་ཡིས་ན་ཆུང་གདོང་ལེན་རུ་ཁག་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་པ་མ་ཟད། དུས་རབས་གསར་པའི་ན་ཆུང་གདོང་ལེན་རུ་ཁག་གི་རྣམ་པ་གསར་པ་ངོམས་ཡོད་ལ། གོམ་གང་མདུན་སྤོས་ཀྱིས་དར་མདོ་རྫོང་གི་ན་ཆུང་གདོང་ལེན་རུ་ཁག་གི་བྱ་བའི་འཕེལ་རྒྱས་གསར་པར་སྐུལ་འདེད་བཏང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1