བལ་བོའི་ཧི་མ་ལ་ཡའི་རི་རྒྱུད་དུ་གངས་ཉིལ་བའི་དོན་རྐྱེན་བྱུང་སྟེ་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་ཕྲག་འགའ་གར་སོང་མ་རྙེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-17


               སྤྱི་ཟླ་10པའི་ཚེས་15ཉིན། བལ་བོའི་མངའ་ཁོངས་ཀྱི་ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་མའོ་སི་ཐན་ས་ཁུལ་དུ་གང་ཉིལ་བའི་དོན་རྐྱེན་བྱུང་། ཆེས་ཐོག་མར་བསྒྲགས་པའི་གནས་ཚུལ་ལྟར་ན་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་དང་ང་གཉིས་གར་སོང་རྙེད་མེད་ཟེར། གངས་ཉིལ་བའི་དོན་རྐྱེན་བྱུང་རྗེས། བལ་བོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་དུས་ཐོག་ཏུ་འབྲེལ་ཡོད་གནས་ཚུལ་ལ་དཔྱད་ཞིབ་བྱས་ཤིང་རྒྱུས་ལོན་བྱུང་བ་ལྟར་ན། ཚེས་16ཉིན་གྱི་ཞོགས་པར་བལ་བོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་ལས་བྱེད་མི་སྣས་བདེན་དཔང་བྱས་དོན། དོན་རྐྱེན་དེའི་ཁྲོད་ཀྲུང་གོའི་སྤྱི་དམངས་ལ་ཤི་རྨས་ཐེབས་མེད་ཟེར།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1