གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༢༦ཉིན།

ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་ཧྲུའེ་ཁྲེང་རྫོང་ལ“7·23”གྱི་རི་ཉིལ་བའི་གནོད་འཚེ་ཚབས་ཆེན་ཐོན་ པའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་23ཉིན་གྱི་ཆུ་ཚོད་21དང་སྐར་ མ་20ཡི་ཐོག་ཀུའེ་ཀྲོའུ་ཞིང་ཆེན་ལིའུ་ཕན་ཧྲུའེ་གྲོང་ཁྱེར་ཧྲུའེ་ཁྲེང་རྫོང་ཅི་ཁྲང་གྲོང་རྡལ་ཕིང་ཏི་གྲོང་ཚོའི་ཁྲ་ཀོའུ་ཚོགས་ཆུང་དུ་རི་ཉིལ་བའི་གནོད་འཚེ་ཚབས་ཆེན་ཐོན་ནས་ཁང་པ་21ས་འོག་ཏུ་མནན་པ་རེད། མིག་སྔའི་བར། མི་11རྐྱེན་ལམ་དུ་ཤོར་བ་དང་མི་42འབྲེལ་བ་ཆད་ཡོད་པ་རེད།
     གནོད་འཚེ་ཐོན་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དེའི་ཐད་ཚད་མཐོའི་མཐོང་ཆེན་གནང་བ་དང་ཆབས་ཅིག་མཛུབ་སྟོན་གལ་ཆེན་གནང་ནས་ནུས་ཤུགས་ཡོད་རྒུས་ཉེན་གྱར་མི་སྣ་འཚོལ་ཞིབ་དང་། རྨས་མ་སྐྱོབ་རོགས། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག རྐྱེན་ལམ་དུ་ཤོར་བའི་ནང་མིར་སེམས་གསོ་སོགས་ཀྱི་རྗེས་འཇུག་ལས་དོན་ཡག་པོ་སྒྲུབ་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱོབ་རོགས་བྱེད་པ་དང་། ཉེན་ཁའི་གནས་ཚུལ་ལ་ལྟ་ཞིབ་ཡག་པོ་བྱས་ནས་ཞོར་ཐོན་གནོད་འཚེར་འགོག་ཟོན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཞི་ཅིན་ཕིང་གིས་འདི་ལོའི་འབྲུབ་ཆུ་རྒྱས་པའི་དུས་ཚོད་སླེབས་ཡོད་པས་ས་གནས་ཁག་གཅིག་ལ་ཆར་པ་འབབ་ཤུགས་ཆེ་བས་འབྲུབ་འགོག་གནས་ཚུལ་ཛ་དྲག་པོ་ཡོད་ལ། རང་བྱུང་གནོད་འཚེའི་མངོན་མེད་རྐྱེན་ངན་ཅུང་མང་བས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཀྱིས་སྟོབས་ཤུགས་སྒྲིག་འཛུགས་ཧུར་ཐག་བྱེད་པ་དང་། ཉེན་ཁའི་གནས་ཚུལ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ནན་ཏན་བྱེད་པ། སྔོན་བརྡ་དང་ཉེན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ། གནོད་འཚེར་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཀའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་འབད་བརྩོན་ཆེ་ཤོས་ཀྱིས་མི་སྣ་ཤི་རྨས་ཉུང་དུ་གཏོང་བ་དང་ཉེ་འཁོར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་ས་གཤིས་ཀྱི་གནོད་འཚེ་དང་ཞོར་ཐོན་གནོད་འཚེ་གསར་པར་འགོག་ཟོན་གྱི་ལས་དོན་ལེགས་པར་སྒྲུབ་དགོས་པའི་མཆན་བཀོད་མཛུབ་སྟོན་གནང་བ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1