བོད་མི་རིགས་ཀྱི་སེམས་ཁམས་དང་འཚོ་བ་མཚོན་བྱེད་ཀྱི་བྲོ་གར་ཆེ་གྲས་ཏེ《གསེར་རི་དངུལ་རི》ཞེས་པ་ཁྲེང་ཏུའུ་རུ་འཁྲབ་སྟོན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ་། སྤེལ་དུས། 07-26


བོད་མི་རིགས་ཀྱི་སེམས་ཁམས་དང་འཚོ་བ་མཚོན་བྱེད་ཀྱི་བྲོ་གར་ཆེ་གྲས་ཏེ《གསེར་རི་དངུལ་རི》ཞེས་པ་ཁྲེང་ཏུའུ་རུ་འཁྲབ་སྟོན་བྱས།

    སྤྱི་ཟླ7པའི་ཚེས22ཉིན་གྱི་དགོང་མོར། དཀར་མཛེས་ཁུལ་གླུ་གར་ཚོགས་པས་འཁྲབ་སྟོན་བྱས་པའི་མི་རིགས་བྲོ་གར་ཆེ་གྲས་ཏེ《གསེར་རི་དངུལ་རི》ཞེས་པ་དེ་ཁྲེང་ཏུའུ་ཅིང་ཁྲེང་སྒྱུ་རྩལ་ཕོ་བྲང་དུ་འཁྲབ་སྟོན་བྱས་པ་རེད།

བོད་མི་རིགས་ཀྱི་སེམས་ཁམས་དང་འཚོ་བ་མཚོན་བྱེད་ཀྱི་བྲོ་གར་ཆེ་གྲས་ཏེ《གསེར་རི་དངུལ་རི》ཞེས་པ་ཁྲེང་ཏུའུ་རུ་འཁྲབ་སྟོན་བྱས།
བོད་མི་རིགས་ཀྱི་སེམས་ཁམས་དང་འཚོ་བ་མཚོན་བྱེད་ཀྱི་བྲོ་གར་ཆེ་གྲས་ཏེ《གསེར་རི་དངུལ་རི》ཞེས་པ་ཁྲེང་ཏུའུ་རུ་འཁྲབ་སྟོན་བྱས།
བོད་མི་རིགས་ཀྱི་སེམས་ཁམས་དང་འཚོ་བ་མཚོན་བྱེད་ཀྱི་བྲོ་གར་ཆེ་གྲས་ཏེ《གསེར་རི་དངུལ་རི》ཞེས་པ་ཁྲེང་ཏུའུ་རུ་འཁྲབ་སྟོན་བྱས།

    ཟློས་གར་འདི་འགོ་བརྗོད《གསེར་རི་དངུལ་རི》དང་འཁྲབ་རིམ་དང་པོ《བྱམས་རིག》འཁྲབ་རིམ་གཉིས་པ《ཤེས་རབ》འཁྲབ་རིམ་གསུམ་པ《སྟོབས་རིག》མཇུག་འགྲིལ་བཅས་ཁག་ལྔ་བགོས་ནས་འཁྲབ་པ་རེད།《བྱམས་རིག》ཞེས་པའི་འཁྲབ་ཚན་ནང་དམངས་ཁྲོད་ཀྱི་ལོ་གཅིག་དུས་གཅིག་གི་བསང་མཆོད་བྱེད་སྒོར་དམིགས་ཏེ་སྲོལ་རྒྱུན་གྱེར་འདོན་གྱི་ཉམས་འགྱུར་སྤྱད་དེ་གནའ་ཉམས་དོད་པའི་ཞབས་བྲོ་ནས་བཅོས་མིན་གྱི་རང་སྒྲ་ཐོག་ནས་མི་རྣམས་ཀྱིས་གངས་རིར་དད་བཀུར་བྱེད་པར་མཚོན་ཞིང་། དེ་བཞིན་མི་རྣམས་ཀྱིས་བྱམས་སེམས་བཟང་པོ་དེ་སེམས་གཏིང་ལ་ཉར་བ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་ཀློང་དུ་འཇགས་སུ་བཅུག་སྟེ་མི་རབས་ནས་མི་རབས་བར་སྤྱི་ཚོགས་བརྟན་བརླིང་ལ་གཅེས་སྤྲས་དང་། ཚེ་སྲོག་འདྲ་མཉམ་དང་འཆམ་མཐུན་མཉམ་གནས་བཅས་ཀྱི་གོ་དོན་ཟབ་མོ་ལ་རྒྱུས་ལོན་བྱེད་བཞིན་ཡོད་པ་བསྟན་ཡོད།《ཤེས་རབ》ཞེས་པའི་འཁྲབ་ཚན་ནང་མི་རྣམས་ཀྱིས་གངས་རིར་བཅངས་པའི་གུས་བཀུར་གྱི་བརྩེ་སེམས་ལ་བརྟེན་ནས་གླུ་གར་སྒྱུ་རྩལ་དང་གླུ་ཚིག་སྣ་ཚོགས་ཀྱི་ཁྲོད་ནས་བདེ་སྐྱིད་ལྡན་པའི་འཚོ་བའི་བློ་རིག་ཤེས་རྟོགས་ཐུབ་པ་དང་། བོད་མི་རིགས་ལ་དམིགས་བསལ་དུ་ཡོད་པའི་བབ་ཆགས་དང་སྤྲོ་སྣང་གི་སེམས་ཁམས་མངོན་པར་བྱས་ཏེ་ལས་ལ་བརྩོན་ན་གྲུབ་འབྲས་འཐོབ་རྒྱུར་ཡིད་ཆེས་བརྟན་པོ་ཡོད་པ་བསྟན་ཡོད།《སྟོབས་རིག》ཞེས་པ་འཁྲབ་ཚན་ནང་ས་མཐོའི་ཁྱད་ཆོས་ལྡན་པའི་སྒྲ་བརྙན་གྱི་སྙན་འཇེབས་དང་ཟུང་འབྲེལ་བྱས་ཏེ་ཁྲོ་བའི་ཞལ་འབག་འོག་གི་ཞི་འཇམ་གྱི་བརྩེ་སེམས་བརྗོད་དེ་སྲོལ་རྒྱུན་སྨན་འབག་གི་སྒྱུ་རྩལ་དང་གནའ་བོའི་གྱོན་ཆས་ཀྱི་ཉམས་འགྱུར་མངོན་ཡོད་པ་རེད།

བོད་མི་རིགས་ཀྱི་སེམས་ཁམས་དང་འཚོ་བ་མཚོན་བྱེད་ཀྱི་བྲོ་གར་ཆེ་གྲས་ཏེ《གསེར་རི་དངུལ་རི》ཞེས་པ་ཁྲེང་ཏུའུ་རུ་འཁྲབ་སྟོན་བྱས།

    《གསེར་རི་དངུལ་རི》ཞེས་པའི་བྲོ་གར་ཆེ་གྲས་ནང་དུ་མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་དོན་གཉེར་བྱེད་པ་མཚོན་ཡོད་པ་དང་། དཀར་མཛེས་ཁུལ་གྱི་མཁྱེན་རྒྱ་ཡངས་པའི་མི་རིགས་རིག་གནས་ཀྱང་མངོན་ཡོད་པ་རེད། ཁུལ་གླུ་གར་ཚོགས་པའི་འགོ་གཙོ་གཡང་ཐར་ལྷ་མོས་བྲོ་གར་འདི་ཁམས་པའི་འཚོ་བའི་རིག་གནས་ཁྱབ་སྒྲོག་བྱེད་པའི་མི་རིགས་ཀྱི་བྲོ་གར་ཞིག་དང་། བོད་མི་རིགས་ཀྱི་བསམ་པའི་རིག་གནས་གསེད་བཀྲོལ་བྱེད་པའི་མི་རིགས་བྲོ་གར་ཞིག བོད་མི་རིགས་ཀྱི་དྲང་བདེན་དང་། དགེ་བ། མཛེས་པ། རྟུལ་ཕོད་བཅས་དར་སྤེལ་གཏོང་བའི་མི་རིགས་ཀྱི་བྲོ་གར་ཞིག མིའི་རིགས་ཀྱིས་འཆམ་མཐུན་དང་མཛའ་མཐུན་ལ་རེ་སྙེག་བྱེད་པའི་མི་རིགས་ཀྱི་བྲོ་གར་ཞིག་བཅས་འགྱུར་བར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1