ཀྲུང་གོའི་“བོད་ཀྱི་རི་མོའི་ཕ་ཡུལ”ཏེ་མཚོ་སྔོན་རེབ་གོང་གིས་ཐང་གའི་རིགས་ཀྱི་འཛམ་གླིང་ཟིན་ཐོ་ཁག་གཉིས་བཏོད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-01


     ཟླ་7ཚེས་28ཉིན། “གཞི་ཁྱོན་ཆེ་ཤོས་ཀྱི་ཐང་གའི་འགྲེམས་སྟོན”དང“མི་མང་ཤོས་ཀྱིས་མཉམ་དུ་ཐང་ག་འབྲི་བའི”ཅི་ཉི་སི་འཛམ་གླིང་ཟིན་ཐོ་ཁག་གཉིས་ཀྲུང་གོའི་“བོད་ཀྱི་རི་མོའི་ཕ་ཡུལ”ཏེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་དུ་ཐོན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་དེ་གའི་གཞུང་ཕྱོགས་ཀྱིས་ཐང་ག་བཞེངས་མཁན་ཆིག་སྟོང་ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། རེབ་གོང་རིག་གནས་ཐོན་ལས་གླིང་དུ་ཇོ་བོ་ཤཱཀྱ་མུ་ནེའི་ཞལ་རས་ཆིག་སྟོང་ལྷག་ཙམ་བཞེངས་པ་དང་། ཆུ་ཚོད་བཞིའི་ནང་དུ་རྨང་གཞིའི་རི་མོ་གྲུབ་པ་དང་། ཚོན་བྱུགས་པ། སྤྱན་འབྱེད་པ་བཅས་ཀྱི་བརྒྱུད་རིམ་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། དེ་དང་ཆབས་ཅིག  རེབ་གོང་རྫོང་གིས་ད་དུང་ས་གནས་དེ་གའི་ཐང་ག་བཞེངས་མཁན་གྱིས་བཞེངས་པའི་ཐང་ག་ནས་འདེམས་སྒྲུག་བྱེད་པའི་ཐང་ག་རྩེ་གྲ་ཁྲི་གཅིག་ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད།







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1