༄༅།། འཚོ་བར་ནམ་ཡང་ཡིད་ཆེས་ཀྱིས་བརྟས་ན་ལེགས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-13


        མི་ཞིག་གི་འཚོ་བའི་སྤུས་ཚད་མཐོ་མིན་དེ་གཙོ་བོ་འཚོ་བར་བཅངས་པའི་རྣམ་འགྱུར་ལ་རག་ལས་ཡོད།མིའི་རིགས་ཀྱི་སྡུག་བསྔལ་དང་ཕམ་ཁ།རྒྱལ་ཁ་དང་སྤྲོ་བ་སོགས་ཡོད་ཚད་སེམས་ཁམས་ལས་བྱུང་བ་ཡིན་པས།མི་ཁ་ཤས་ནམ་ཡང་དགའ་དགའ་སྤྲོ་སྤྲོའི་ངང་གནས་ཤིང་།མི་ཁ་ཤས་ནམ་ཡང་སྡུག་བསྔལ་གྱིས་མནར་ཡོད་པ་ནི་གཙོ་བོ་སེམས་ཀྱི་རྣམ་འགྱུར་དྲང་མིན་ལས་བྱུང་བ་རེད།འཚོ་བ་ནི་སེམས་ཞིབ་མོས་གཉེར་སྐྱོང་བྱས་པ་དང་།བསམ་བློའི་སྟེང་གི་རྙོག་དྲ་སོགས་དོར་ཏེ་བློ་སེམས་རྩེ་གཅིག་གིས་བྱ་བ་སྒྲུབ་པ་དང་འཚོ་བ་རོལ་བ།རོལ་རྩེད་བྱས་ན་ད་གཟོད་འཚོ་བའི་ཁྲོད་ཀྱི་སྐྱིད་སྣང་རྙེད་ཐུབ།
        སེམས་ཁོང་གི་མི་འདོད་པའི་སྡུག་བསྔལ་ནི་གྲུ་གཟིངས་བགྲོད་ཤུལ་གྱི་རླབས་ཕྲེང་དང་མཚུངས་པས།དེ་ནམ་ཡང་མེད་མི་སྲིད་མོད།འོན་ཀྱང་ཁྱོད་ཀྱིས་དེ་ལ་དོ་སྣང་མ་བྱས་ན་ཡུད་ཙམ་གྱིས་མེད་པར་གྱུར་འགྲོ་ལ།གལ་ཏེ་ཁྱོད་ཀྱིས་མིག་མི་རྡེབ་པར་དེ་ལ་བལྟས་ནས་དོ་སྣང་བྱས་ན་རླབས་ཕྲེང་ལ་ནམ་ཡང་རྫོགས་མཐའ་མེད།
        མི་ཚེའི་ཁྲོད་ཀྱི་མཛེས་པ་ནི་དབྱར་ཁའི་མེ་ཏོག་བཞིན་བཞད་ཡུན་ཧ་ཅང་ཐུང་ནའང་།དེ་ནི་ཚེ་སྲོག་གི་གོ་རིམ་ཞིག་ཡིན་པས།ས་སྟོང་ལུང་སྟོང་དུ་སྐྱེས་པའམ་ཡང་ན་རྡོ་སྲུབས་དང་ཚྭ་ཁུལ་གང་ཞིག་ཏུ་སྐྱེས་རུང་ནམ་ཡང་ཚེ་སྲོག་གི་དཔའ་ངར་མི་ཞུམ་པར་སྤོབས་པ་ཆེན་པོས་བཞད་དེ་རང་ཉིད་ཀྱི་མཛེས་པ་ཕྱི་རུ་མངོན་ཅི་ཐུབ་བྱེད་དགོས།
        མི་ཚེའི་ཁྲོད་ཀྱི་སྤྲོ་བ་དང་སྡུག་བསྔལ་སོགས་ནི་ཆུ་ཐོག་ཏུ་བྲིས་པའི་རི་མོ་བཞིན་དུས་ཡུན་གྱི་ཆུ་རྒྱུན་རིང་མོའི་ཁྲོད་བཞུར་འགྲོ་བས།ང་ཚོས་མི་ཚེའི་ཁྲོད་ཀྱི་སྐྱིད་སྡུག་གི་ལོ་རྒྱུས་གང་ཞིག་ལའང་དོན་སྙིང་དང་རིན་ཐང་ངེས་ཅན་ལྡན་པ་ཤེས་པར་བྱས་ཏེ།ནམ་ཡང་དཔྱིད་ཀྱི་དཔལ་མོ་བསུ་བའི་སེམས་ཁམས་ཀྱིས་མྱུ་གུ་འབུས་པར་རེ་ལྟོས་བྱས་ན།ད་གཟོད་མི་ཚེའི་ཁྲོད་ཀྱི་དགུན་གཞུང་བདེ་བླག་གིས་བསྐྱལ་ཐུབ་པར་མ་ཟད་སྔར་ལས་ལྷག་པའི་འབྲས་བཟང་མཐོང་ཐུབ་བོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1