འཇར་མན་གྱི་ན་སོ་དར་ལ་མ་བབས་པའི་མིའི་མངར་རྒྱུ་ལྡན་ཚད་ཚད་གཞི་ལས་ཤུགས་ཆེན་བརྒལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-20



     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེར་ལིན་ནས་གློག་འཕྲིན་འབྱོར་གསལ། ཡོ་རོབ་བཟའ་བཅའ་ལྟ་ཞིབ་རྩ་འཛུགས་ཀྱིས་ཉིན་ཤས་གོང་བརྗོད་དོན། འཇར་མན་གྱི་ན་སོ་དར་ལ་མ་བབས་པའི་མིའི་མངར་རྒྱུ་འདུས་པའི་བཟའ་བཅའ་མང་དུ་འགྲོ་བཞིན་ཡོད། ཚོད་རྩིས་ལྟར་ན། ཟླ་འདིའི་ཚེས་12བར་མི་ཚོགས་འདི་རིགས་ཀྱི་མངར་རྒྱུ་འདུས་ཚད་འཚོ་བཅུད་རིགས་གཅིག་མཁས་ཅན་གྱིས་གྲོས་འགོ་བཏོན་པའི་ལོ་ཧྲིལ་པོའི་མངར་རྒྱུ་འདུས་ཚད་ལས་བརྒལ་ཡོད།
     སྤྱི་ཁྱབ་པུའུ་པེར་ལེན་དུ་གནས་པའི་རྩ་འཛུགས་འདིས་བརྗོད་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། འཇར་མན་འཚོ་བཅུད་མཐུན་ཚོགས། འཇར་མན་གྱི་གཅིན་སྙི་ཟགས་ཁུའི་ནད་ཀྱི་མཐུན་ཚོགས་སོགས་རྩ་འཛུགས་ཀྱིས། ལོ་3ནས་18བར་གྱི་མི་ཚོགས་འདིའི་རིགས་ལ་ཉིན་ལྟར་མངར་རྒྱུ་འདུས་ཚད་སྤྱིའི་འདུས་ཚད་ཀྱི་བསྡུར་ཚད་ལས་10%ལས་བརྒལ་རྒྱུ་མེད། འོན་ཀྱང་འཇར་མན་གྱི་བསྡུར་ཚད་འདི་16.3%ཟིན་པས། ཚབས་ཆེན་བརྒལ་ཡོད།
     རྩ་འཛུགས་འདིས། ན་སོ་དར་ལ་མ་བབས་པའི་དུས་སུ་འཇགས་པའི་བཟའ་བཏུང་གོམས་གཤིས་དེ་དར་མའི་དུས་སུའང་རྒྱུན་མཐུད་སྲིད་པས། ཤ་རྒྱགས་པ་ཆགས་པ་མ་ཟད། གཟུགས་གཞིའི་བདེ་ཐང་ལའང་གནོད་འཚེ་ཡོད། འཇར་མན་བཟའ་བཅའི་ལས་རིགས་ཀྱིས་དེའི་ཐད་འགན་གཙོ་བོ་འཁུར་དགོས་ལུགས་བཤད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1