༄༅།། སེམས་ཁམས་མི་བདེ་བ་དང་རིང་དུ་གྱེས་དགོས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-02


        ཁྱོད་ལ་རྒྱུན་དུ་སེམས་འཚབ་པ་དང་སེམས་ཁམས་མི་བདེ་བའི་གནས་ཚུལ་འབྱུང་ངམ།
        དེ་ནི་རང་ཉིད་ཀྱི་སེམས་ཁམས་ལ་འགྱུར་ལྡོག་བྱུང་བའི་རྟགས་རེད།འཚོ་བའི་ཁྲོད་ཀྱི་བྱ་བ་རྩག་རྩིག་གིས་ང་ཚོར་རྒྱུན་དུ་སེམས་འཚབ་ཅིང་བློ་མི་བདེ་བའི་ཚོར་བ་སྟེར་སྲིད།
        དོན་དངོས་སུ་བཤད་ན།བློ་མི་བདེ་བའི་སྣང་ཚུལ་དེ་དག་ནི་རང་ཉིད་ཀྱི་སེམས་ཁམས་ལས་བྱུང་བ་ཡིན་ལ།ང་ཚོས་རང་ཉིད་ཀྱི་དགའ་སྐྱོ་ཡོད་ཚད་མི་གཞན་གྱི་གདེང་འཇོག་ལ་བརྟེན་བཞིན་ཡོད།མི་གཞན་གྱིས་གདེང་འཇོག་མི་ལེགས་པ་བྱེད་པར་སྐྲག་ནས་རང་གི་ནང་སེམས་ཀྱི་ཚོར་བ་སྐྱེན་པོར་བཟོ་བ་དང་།ཚོར་བ་སྐྱེན་པོ་དེ་ནི་བློ་མི་བདེ་བའི་འབྱུང་ཁུངས་གཙོ་བོ་ཡིན།
        ད་ལྟའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་གློག་བཞིན་མྱུར་བས།སེམས་འཚབ་པ་དང་བློ་མི་བདེ་བའི་སྣང་ཚུལ་འབྱུང་བ་ནི་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད་པས།མི་སུ་ཞིག་ཡིན་རུང་སེམས་འཚབ་ཏེ་བློ་མི་བདེ་བའི་སྣང་ཚུལ་འབྱུང་སྲིད། སྣང་ཚུལ་དེའི་རིགས་འབྱུང་བ་ནི་མིའི་རང་གཤིས་ཡིན་ལ།སྣང་ཚུལ་དེ་འདོར་ཐུབ་པ་ནི་མིའི་འཇོན་ཐང་ཞིག་ཏུ་བརྩི་ཆོག ཁྱོད་ཀྱིས་བློ་མི་བདེ་བའི་སྣང་ཚུལ་དེའི་འབྱུང་རྐྱེན་ཤེས་ན།ད་གཟོད་ཁྱེད་ཉིད་བློ་མི་བདེ་བའི་སྣང་ཚུལ་དེ་དང་འཆམ་མཐུན་མཉམ་གནས་ཡོང་ཐུབ། དེའི་རྐྱེན་གྱིས་ང་ཚོས་རང་ཉིད་ཀྱི་མི་འདང་སའམ་སྐྱོན་ཆ་དང་འཛམ་གླིང་སྟེང་གི་དྲང་གཞག་མ་ཡིན་པའི་གནས་ཚུལ་ཡོད་ཚད་དང་ལེན་བྱེད་ཤེས་པར་བྱས་ཏེ།མི་གཞན་གྱི་འཚོ་བར་འགྲམ་ཆུ་མི་ལྡང་བ་དང་མི་གཞན་གྱི་ལྟ་ཚུལ་ལ་དོ་སྣང་དེ་འདྲ་བྱེད་མི་རུང་།
        བློ་མི་བདེ་བའི་འབྱུང་ཁུངས་ནི་ཁྱོད་རང་ཉིད་ཀྱི་ནང་སེམས་ལ་རག་ལས་ཡོད་པས།མི་གཞན་གྱིས་དེའི་ཐད་ནས་ཁྱོད་ལ་རོགས་རམ་བྱེད་མི་ཐུབ་པས་ན།རང་ཉིད་ཀྱིས་རང་ཉིད་སྐྱོབ་རྒྱུ་ལས་འོས་མེད།རྗེས་མར་སེམས་འཚབ་པ་དང་བློ་མི་བདེ་བའི་སྣང་ཚུལ་འབྱུང་བའི་སྐབས་སུ།མཐའ་འཁོར་གྱི་རྙོག་དྲ་དང་རིང་དུ་གྱེས་ཏེ་རང་ཉིད་ཀྱི་ཚོར་སྣང་ལ་དོ་སྣང་ལེགས་པོ་བྱེད་པ་དང་རང་ཉིད་ཀྱི་ནང་སེམས་ལ་ཐུགས་ཁུར་ལེགས་པོ་བྱེད་དགོས།
        གལ་ཏེ་ཁྱོད་ཀྱིས་བློ་སེམས་གཅིག་ཏུ་སྒྲིམ་ཐུབ་ན།བློ་མི་བདེ་བ་དང་སེམས་འཚབ་པའི་དུས་ཡུན་ཇེ་ཐུང་དུ་གཏོང་ཐུབ་པ་དང་།གལ་ཏེ་ཁྱོད་ཀྱིས་སེམས་ཁོང་གི་རྙོག་དྲ་ཡོད་ཚད་འདོར་ཐུབ་ན།ཁྱོད་ཀྱིས་མི་གཞན་གྱི་གདེང་འཇོག་ལ་དོ་སྣང་དེ་འདྲ་བྱེད་མི་སྲིད།
        བློ་རྩེ་གཅིག་ཏུ་བསྒྲིམས་ནས་རང་ཉིད་ཀྱི་འཚོ་བར་དོ་སྣང་བྱས་ཏེ།རང་ཉིད་ཇི་ལྟར་ཕུལ་དུ་བྱུང་བ་ཞིག་ཏུ་འགྱུར་བའི་ཐད་འབད་བརྩོན་ལྷོད་མེད་བྱས་ན།སེམས་འཚབ་པ་དང་བློ་མི་བདེ་བའི་སྣང་ཚུལ་རང་བཞིན་གྱིས་མེད་པར་འགྱུར་རོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1