རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་བྱ་དགའི་རྟགས་མ་དང་བྱ་དགའི་བུམ་པ་གསར་དུ་ཐོན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-05


     “རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་བྱ་དགའི་རྟགས་མ་དང་བྱ་དགའི་བུམ་པ་ནི་ང་ཚོས་མཉམ་ལས་ཇུས་འགོད་བྱས་པ་ཡིན།” ཟླ་8ཚེས་26ཉིན། ཀྲེང་ཀྲུའོ་ཞི་ཡ་སི་སློབ་གླིང་སྒྱུ་རྩལ་ཇུས་འགོད་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཐའོ་ཙུང་ཞའོ་དང་དགེ་རྒན་ཆེན་མོ་གཞོན་པ་ཝུའུ་ཀྲི་ཅན་གྱིས་གསར་འགོད་པར་རྩ་འཛུགས་ཨུ་ཡོན་ལྷན་ཁང་ནས་བསྐུར་ཡོང་བའི་ཇུས་འགོད་འཆར་གཞི་གཉིས་བེད་སྤྱད་པའི་གཟི་བརྗིད་ལག་ཁྱེར་འགྲེམ་སྟོན་བྱས། 
     བྱ་དགའི་བུམ་པ《ཁྱུང་འབྲུག་གི་གླེགས་བམ》 ཟོར་ཡངས་ལ་བརྗིད་པའི་ཉམས་དང་ཡང་ལྡན། བུམ་པའི་སྟོད་ཀྱི་ཕྱི་ངོས་སུ་ཚོགས་རྟགས་“ཁྱུང་འབྲུག”ཕབ་ཅིང་བལྟས་མ་ཐག་ངོས་ཟིན། ཁྱུང་འབྲུག་གིས་ཨང་ཀི“11”གི་རི་མོ་གྲུབ་ལ་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་གོང་དུ་འཕུར་བའི་རྣམ་པ་མངོན་པ་དང་། བར་དུ་གནའ་བོའི་བཀྲ་ཤིས་མཚམས་སྤྲིན་གྱི་རི་མོ་གནས་ཡོད་པས། ཀྲུང་ཧྭ་དཔལ་ཡོན་མི་རབས་ནས་མི་རབས་བར་འཕེལ་རྒྱས་འགྲོ་བའི་གསོན་ཤུགས་མངོན་ཡོད། བུམ་པའི་ཞབས་སྟེགས་ཐེམ་སྐས་རིམ་པ་གསུམ་ལས་གྲུབ་ཡོད། དེས་“ཁ་འབྲལ་ཐབས་མེད་པ་གསུམ་”(རྒྱ་རིགས་གྲངས་ཉུང་མི་རིགས་ཁག་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་ཁག་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་ཀྱང་ཕན་ཚུན་ཁ་འབྲལ་ཐབས་མེད་པ)གྱི་བསམ་བློ་མཚོན་པ་དང་གོམ་སྟབས་རེ་རེ་བཞིན་གོང་དུ་འཕེལ་བའི་སྨོན་འདུན་བཟང་པོ་མཚོན་ཡོད་པ་དང་། དེའི་ཐོག་ནས་ལུས་རྩལ་པར་འབད་འབུངས་ཡར་བརྩོན་བྱ་དགོས་པའི་སྐུལ་ལྕག་བཏང་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1