མུ་ལི་རྫོང་གི་གློག་རྡུལ་ཚོང་དོན་ལྟེ་གནས་ཀྱི་གློག་རྡུལ་ཚོང་དོན་བྱེད་ལས་ཉེ་ལམ་དངོས་སུ་སྤེལ་འགོ་ཚུགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།མུ་ལི་རྫོང་སྲིད་གཞུང་དྲ་བ། སྤེལ་དུས། 09-25


      ཉེ་ཆར། ལའང་ཧྲན་ཁུལ་མཁོ་འཚོང་མཉམ་ལས་ཁང་གི་གློག་རྡུལ་ཚོང་དོན་ཞབས་ཞུའི་མ་ལག་འཛུགས་སྐྲུན་སྐོར་གྱི་བླང་བྱ་ལྟར། ལའང་ཧྲན་ཁུལ་དབྱི་ཅ་ཡུག་ཕེན་གློག་རྡུལ་ཚོང་དོན་ཞབས་ཞུ་ཚད་ཡོད་ཀུང་སི་མུ་ལི་རྫོང་དུ་བསྐྱོད་དེ་མུ་ལི་རྫོང་གི་གློག་རྡུལ་ཚོང་དོན་ཞབས་ཞུ་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣར་འབྲེལ་ཡོད་གསོ་སྦྱོང་སྤེལ་པའི་རྨང་གཞིའི་ཐོག མཛུབ་ཁྲིད་བྱས་ཏེ་མུ་ལི་རྫོང་གི་གློག་རྡུལ་ཚོང་དོན་ཞབས་ཞུའི་སྟེགས་བུ་སྒྲིག་སྦྱོར་བྱས། དེ་བས། མུ་ལི་རྫོང་གི་གློག་རྡུལ་ཚོང་དོན་ཞབས་ཞུ་ལྟེ་གནས་ལ་དྲ་ཐོག་ནས་པར་འཇོག་ཐུབ་པ་དང་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཚབ་འཚོང་དང་ཚོང་རྫས་ཚབ་ཉོའི་དྲ་ཐོག་བྱེད་ལས་འདུས་ཡོད།
      མུ་ལི་རྫོང་གློག་རྡུལ་ཚོང་དོན་ལྟེ་གནས་ཀྱི་གློག་རྡུལ་ཚོང་དོན་བྱེད་ལས་དངོས་སུ་སྤེལ་འགོ་ཚུགས་པས། དེས་མུ་ལུ་རྫོང་གི་གློག་རྡུལ་ཚོང་དོན་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པར་ལག་ལེན་གྱི་ཉམས་མྱོང་ཆེན་པོ་བསགས་ཡོད་ཅིང་། གོམ་སྟབས་རྗེས་མའི་ནང་གྲོང་གསེབ་དང་གྲོང་རྡལ་གློག་རྡུལ་ཚོང་དོན་ཞབས་ཞུའི་ཚོང་ཁང་འཛུགས་སྐྲུན་བྱེད་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1