གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༢༦ཉིན།

རྒྱལ་དར་སྟོང་གིས་དར་མདོ་གྲོང་ཁྱེར་བརྒྱན།

        རྒྱལ་སྟོན་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ།  དར་མདོ་གྲོང་ཁྱེར་གྱི་མགྲོན་བསུ་ལམ་ཆེན་དང་།  ནུབ་ཁྲོམ་གཡག་རྭ་ལམ།  གངས་ཆུའི་ཤར་ནུབ་ལམ་ངོས།  མདོ་གྲོང་གསར་པའི་མི་ཉག་ལམ་བཅས་གཞུང་ལམ་གཙོ་ཕལ་རྣམས་རྒྱལ་དར་ཁྲོམ་ལམ་བཟོས་པ་རེད།  སྐར་ལྔའི་དར་དམར་ཁྲོམ་ལམ་ངོས་གཉིས་ཀྱི་ལམ་སྒྲོན་ལ་གྲལ་བསྟར་བསྒྲིགས་ནས་བསྒྲོན་ཡོད་ཅིང་རླུང་བུའི་ཁྲོད་དུ་ལྷབ་ལྷུབ་ཏུ་གཡོ་བས།  དར་མདོའི་ཁྲོམ་ལམ་དེ་ཆེས་མཛེས་པའི་ཡུལ་ལྗོངས་སུ་གྱུར།

        དར་མདོའི་མཛའ་གཞས་ཐང་ཆེན་དུ་རྒྱལ་དར་ཆེན་པོ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་སྤྲོ་སེམས་འཁོལ་བའི་དགའ་སྟོན་རྟེན་འབྲེལ་ཞུ་བའི་མེ་ཏོག་ཚོམས་ཆེན་ལས་གྲུབ་པའི་སྟེགས་ལྗོངས་དེ་ནི་སྡེ་ཚན་ཁག་དང་ཚོགས་པ་ཁག །དེ་བཞིན་སོ་སོའི་དྲན་རྟེན་གྱི་པར་ལེན་བྱེད་སའི་འཚང་ཁ་ཆེ་ཤོས་སུ་གྱུར།

        མེས་རྒྱལ་གྱི་མཚོན་བྱེད་དུ་གྱུར་པའི་སྐར་ལྔའི་རྒྱལ་དར་5000ལྷག་དར་མདོ་གྲོང་ཁྱེར་དུ་བསྒྲོན་པ་ལས་དམར་པོའི་རང་མདངས་ལྷག་ཏུ་འཚེར་བ་དང་།  དེ་ནི་ཀྲུང་གོའི་ཆེས་མཛེས་པའི་ཁ་དོག་ཡིན་ལ།  ཁ་དོག་དེ་ནི་སྟོབས་ཤུགས་དང་འཚོ་སྲུང་།  བློ་དཀར།  དགའ་ཞེན་བཅས་ཀྱི་མཚོན་བྱེད་ཡིན་ཞིང་།  མི་རྣམས་ཀྱི་སེམས་སུ་ནམ་ཡང་བརྗེད་དུ་མེད་པའི་དམར་པོའི་རང་མདངས་ཀྱང་ཡིན་ནོ། །






39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1