གནས་འདིའི་འགྱུར་ལྡོག་མི་རྣམས་ཧང་སངས་དགོས་པ་ཞིག་འདུག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-17



—— 2019ལོའི་ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་སི་ཁྲོན་བོད་རིགས་ས་ཁུལ་དུ་བསྐྱོད་པ།


     “ཕྱི་རྒྱལ་གྱིས་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཀྱི་དོན་སྙིང་ལ་གོ་བ་རྩ་བ་ནས་ལེན་མི་ཐུབ” སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ལ་སླེབས་ཐེངས་དང་པོ་ཡིན་པའི་ཧ་སག་་ཐན《དེ་རིང་དར་གོས་ལམ་བུའི་ཚགས་པར》གྱི་རྩོམ་སྒྲིག་པ་གཙོ་བོ་དབང་ཅིན་ཧྲེང་གིས་ཟུང་ཆུ་རྫོང་གི་དབུལ་སྒྲོལ་གྲུབ་འབྲས་མཐོང་རྗེས་ཧང་སངས།
     ཟླ་10ཚེས་8ཉིན་ནས་ཟླ་11ཉིན་བར། རྒྱལ་ཁབ་དང་ས་ཁུལ་28ནས་སླེབས་པའི་ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་67གྱི་འཐུས་མི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་དང་སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་གཙོ་གཉེར་བྱས་པའི“2019ལོའི་ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་གྱི་ཀྲུང་གོ་ཤེས་ཚོར་བྱེད་པའི(སི་ཁྲོན་བོད་རིགས་ས་ཁུལ)བྱ་སྤྱོད་བྱེད་སྒོ”སི་ཁྲོན་བོད་རིགས་ས་ཁུལ་དུ་སྤེལ་བར། ལྟ་སྐོར་དང་བཅར་འདྲི་བྱེད་རིང་དེ་གའི་འགྱུར་ལྡོག་ལ་ཚང་མས་གཅིག་རྗེས་གཉིས་མཐུད་ངང་བསྟོད་བསྔགས་བཏང་ནས“གནས་དེར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་འདུག”ཅེས་བརྗོད།
     ཚེས་8ཉིན། སྨྱན་སྦྱོར་ཚོགས་པ་དང་བཅས་པ་གཙོ་ཚང་དགོན་གྲོང་རྡལ་གྱི་རིན་སྤུངས་གྲོང་ཚོར་བསྐྱོད་ཅིང་། ཡངས་ཤིང་དཀར་ཆ་དོད་པའི་བོད་རིགས་ཀྱི་གྲོང་མིའི་སྡོད་ཁང་དང་། གཙང་སྦྲ་དོད་ལ་གྲལ་སྟར་འགྲིག་པའི་གྲོང་ཚོའི་སྲང་ལམ། དེ་བཞིན་སྔོ་ལྗང་གིས་བརྒྱན་པའི་རི་ཀླུང་དང་ནོར་ལུག་བཅས་ལས་མང་ཚོགས་ཀྱི་འཚོ་བ་ཕྱུག་པོ་ཆགས་པ་མངོན། ཐོག་སོ་ཉིས་ལྡན་གྱི་ཁང་པའི་ནང་དུ་བརྙན་འཕྲིན་དང་། འཁྱག་སྒམ། རང་འགུལ་འཁྲུད་འཁོར་སོགས་དེང་རབས་ཅན་གྱི་ཁྱིམ་ཆས་བསྒྲིགས་ཡོད།
     ཟུང་ཆུ་རྫོང་སྤྱང་གཙང་གྲོང་ཚོའི་ཞང་བོད་སྒྱུ་རྩལ་སློབ་གྲྭར་སྨྱན་སྦྱོར་གྱི་འཐུས་མི་ཚོས་ས་མཐོའི་ལ་དུག་ལ་མ་འཛེམས་པར་སེམས་རྩ་འཁོལ་པོས་སློབ་གྲྭ་ཐོག་མར་འཛུགས་མཁན་ཁྲི་འཛིན་རབ་བརྟན་དང་གླེང་མོ་བྱས། སློབ་གྲྭར་ད་ཆ་ཐང་ག་སྦྱོང་མཁན་སློབ་མ་30ལྷག་ཙམ་ཡོད་པ་དང་སློབ་ཡུན་ལོ་7རེད། གོང་གི་ལོ་3ནང་ལྷ་འབྲིའི་རིགས་པའི་གཞུང་ལུགས་སློབ་ཀྱི་ཡོད། དེའི་རྗེས་ཐང་ག་བཞེངས་སྟངས་སློབ་པ་དང་སློབ་ཐོན་དཔྱད་རྩོམ་གྲ་སྒྲིག་བྱེད་དུ་འཇུག་གི་ཡོད་ཅེས་བཤད། ཁྲི་འཛིན་རབ་བརྟན་གྱིས་སློབ་གྲྭ་ནི་དགེ་སྒྲུབ་སྤྱི་ཕན་རང་བཞིན་གྱི་གནས་ཡིན་པ་དང་། དེའི་དམིགས་ཡུལ་ནི་བོད་རིགས་ས་ཁུལ་གྱི་ཕྲུ་གུ་ཚོས་ལག་རྩལ་ཞིག་ཤེས་པ་བྱེད་རྒྱུ་དེ་རེད། ཐང་ག་བཞེངས་མཁན་སློབ་མ་དང་སྨྱན་སྦྱོར་ཚོགས་པའི་ཁོངས་མིས་སྤེལ་རེས་བྱས་པ་དང་འབྲེལ། ཐང་གའི་ཆོས་ལུགས་རིག་གནས་ཀྱི་རིན་ཐང་ཤེས་རྟོགས་བྱས།
     སི་ཁྲོན་བོད་རིགས་ས་ཁུལ་དུ་བཅར་འདྲི་ཚོགས་པས་ད་དུང་གཟི་ཚ་སྡེ་དགུའི་རྫ་རོང་དགོན་དུ་བསྐྱོད་དེ། དགོན་སྡེའི་འཛུགས་སྐྲུན་ལ་ལྟ་སྐོར་བྱས་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཤེས་རྟོགས་བྱས་ཏེ། བོད་རིགས་ས་ཁུལ་གྱི་མང་ཚོགས་ལ་ཆོས་དད་རང་མོས་གང་ལེགས་ཡོད་པར་དཔང་པོ་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1