སྨན་བཅོས་བྱེད་སྒོ་སྤེལ་ཏེ་དབུལ་བྲལ་ཡོང་བར་རམ་འདེགས་བྱས།

གྲགས་པ་བསྟན་འཛིན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-22




      ཉེ་སྔོན། དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་མཐའ་འཁྱོལ་ཡོང་ཆེད་དང་། ས་ཁུལ་དབུལ་པོའི་ནད་འགོག་བཅོས་དང་སྨན་བཅོས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་ཆེད། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་གྱིས་ཆེད་ལས་སྨན་བཅོས་ཚོགས་པ་ཞིག་སྒྲིག་འཛུགས་བྱས་ཏེ། རྔ་བ་རྫོང་རྨེའུ་རུ་མ་གྲོང་རྡལ་ཨ་འབོས་རོ་གྲོང་ཚོར་བསྐྱོད་དེ་སྨན་བཅོས་བྱེད་སྒོ་སྤེལ། 

      བྱེད་སྒོའི་ཡུལ་དངོས་ནས་ནུབ་རྒྱུད་དམག་འཐབ་ཁུལ་གྱི་སྤྱི་ཁྱབ་སྨན་ཁང་གི་གཙོ་བཅོས་སྨན་པ་ཚོས་ཡུལ་དངོས་སུ་ཕེབས་པའི་མང་ཚོགས་ཚང་མར་བདེ་ཐང་མཛུབ་ཁྲིད་དང་གཟུགས་པོར་བརྟག་དཔྱད་བྱས་པར་མ་ཟད། མིག་དང་ཁྲག་ཤེད་སོགས་ལའང་བལྟས། ད་དུང་ངང་རྒྱུད་རིང་པོའི་སྒོ་ནས་བདེ་ཐང་གི་གོམས་གཤིས་དང་འཚོ་བ་སྐྱེལ་སྟངས་འགྲེལ་བཤད་བྱས་པ་དང་། མང་ཚོགས་ཀྱིས་བཏོན་པའི་བདེ་ཐང་གི་གནད་དོན་ལ་ཆེད་ལས་ཀྱི་མཛུབ་ཁྲིད་བྱས་པ་དང་སྦྲགས། མི་སེར་ལ་སྨན་རིན་མི་དགོས་པར་སྤྲད་ཅིང་སྨན་འཐུང་སྟངས་དང་འབྲེལ་ཡོད་ཀྱི་དོ་སྣང་བྱེད་དགོས་པའི་དོན་ཚན་ཁག་གསལ་བཤད་གནང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1