ཀྲུང་གོ་ཁྲིམས་ཀྱིས་སྐྱོང་བཞིན་བསྐྱར་དར་སྟོབས་ཤུགས་བསྒྲིལ་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-28


         འབྱོར་ཕྱུག་དང་དམངས་གཙོ། ཞི་མཐུན་དང་དཔལ་ཡོན་ལྡན་པའི་ཀྲུང་གོ་དེ་ནི། ཐོག་མར་ཁྲིམས་སྐྱོང་གི་ཀྲུང་གོ་ཞིག་ཡིན་དགོས། རང་དབང་དང་འདྲ་མཉམ། དྲང་བདེན་གྱི་སྤྱི་ཚོགས་དེ་ནི། ཐོག་མར་ཁྲིམས་སྐྱོང་གི་སྤྱི་ཚོགས་ཤིག་ཡིན་དགོས། རྒྱལ་ཁབ་ཀྱི་བདག་སྐྱོང་མ་ལག་དང་བདག་སྐྱོང་ནུས་པ་དེང་རབས་ཅན་བྱ་དགོས་ན། ཐོག་མར་ལམ་ལུགས་འཛུགས་སྐྲུན་དང་བདག་སྐྱོང་བྱེད་ཐབས་ཁྲིམས་སྐྱོང་ཅན་ཡིན་དགོས།

           སྟོན་ཟླ་10པར། པེ་ཅིང་དུ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དེ་འཚོགས་ཤིང་། ཁྲིམས་སྐྱོང་གི་ཀྲུང་གོ་ཞེས་པར་བླ་མེད་ཀྱི་མཐོང་ཆེན་བྱས། འདི་ནི་རང་རྒྱལ་གྱི་ཏང་གིས་ཆེས་ཐོག་མར་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བརྗོད་དོན་དུ་བྱས་པའི་ཀྲུང་ཨུ་ཚང་འཛོམས་དེ་ཡིན་ལ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྨང་གཞིའི་བྱེད་ཐབས་18བཏོན་རྗེས། ཁྲིམས་སྐྱོང་ཀྲུང་གོའི་འཛུགས་སྐྲུན་གྱི་དཔེ་རིས་གསར་བ་བཀྲམས་ཤིང་དེ་ཉིད་སྔར་མེད་ཀྱི་གནས་སུ་སྤོས།

           ལོ་རྒྱུས་ཀྱི་འཕེལ་རིམ་གསར་པ་ནས་འགོ་བརྩམས་ཏེ། ཁྲིམས་སྐྱོང་ཀྲུང་གོ་ཡི་བརྗོད་བྱ་གཙོ་བོ་དག་ཁ་ཇེ་གསལ་ནས་ཇེ་གསལ་ཡིན།  མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་རེ་སྙེག་བྱེད་བཞིན་པ་དེ་ནི། ང་ཚོའི་འབད་བརྩོན་གྱི་དམིགས་འབེན་ཡིན། མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་རེ་འདུན་གང་དུ་མངོན་ཡོད་དམ། ཏང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་གྱིས་སྣེ་ཁྲིད་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པའི་བརྒྱུད་རིམ་ཁྲོད་དུ། ཁྲིམས་སྐྱོང་ནི་ངེས་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་དེ་ཡིན་པ་མ་ཟད། ལམ་ལུགས་ཀྱི་འགན་སྲུང་ཡང་ཡིན། ཁྲིམས་སྐྱོང་ལ་བརྟེན་པས། ད་གཟོད་རྩ་ཁྲིམས་དང་ཁྲིམས་ལུགས་མ་ལག་ལ་བརྟེན་ནས་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་གཅིག་སྒྲིལ་བྱ་ཐུབ་ལ། ཀྲུང་གོའི་སྤྱི་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་བརྟན་བརླིང་བྱ་བར་ཁག་ཐེག་ཀྱང་བྱ་ཐུབ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1