ཝང་ཏུང་མིང་དང་ཝེ་ཧུང་ནུབ་རྒྱུད་བཤམས་སྟོན་འདུ་ཚོགས་ཀྱི་དཀར་མཛེས་འགྲེམས་སྟོན་ཁང་དུ་གཟིགས་ཞིབ་གནང་བར་ཕེབས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-29


          སྤྱི་ཟླ་10པའི་ཚེས་25ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ཝང་ཏུང་མིང་དང་། ཞིང་དཔོན་ཝེ་ཧུང་རྣམ་གཉིས་ཁྲེན་ཏུའུ་དེང་རབས་མཁར་གྲོང་གི་འགྲེམས་སྟོན་ལྟེ་གནས་ཀྱི་སྐབས་བཅོ་ལྔ་པའི་ནུབ་རྒྱུད་བཤམ་སྟོན་འདུ་ཚོགས་ཀྱི་འགྲེལ་ཁུལ་གཙོ་བོར་གཟིགས་ཞིབ་གནང་བར་ཕེབས་པ་མ་ཟད། དཀར་མཛེས་ཁུལ་གྱི་འགྲེམ་སྟོན་ཁང་དུའང་གཟིགས་ཞིབ་གནང་། ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲིན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བའང་ཁོང་ཚོ་དང་ལྷན་དུ་ཕེབས་ཡོད།

         དཀར་མཛེས་འགྲེམས་སྟོན་ཁང་གི་དྭངས་གཙང་གི་དཀར་མཛེས་ཞེས་པའི་ཡིག་འབྲུ་དག་གིས་ཁམས་པ་ཚོའི་བརྩེ་སེམས་དང་བློ་རྒྱ་མངོན་པར་བྱས་ཡོད། མིག་སྔར། དཀར་མཛེས་འགྲེམ་སྟོན་ཁང་དུ་གཟིགས་མོར་ཕེབས་པའི་ལྟད་མོ་བ་དང་ཚོང་འགྲོན་རྒྱུན་མི་ཆད། དུང་དཀར་ལུང་པ་རྟགས་ཅན་གྱི་གཏེར་ཆུ་དང་མཐོ་སྒང་གི་སྐྱེ་ཁམས་ལ་ཕུག བོད་ཕག་གི་ཤ་སྐམ། དེ་མིན་རྒྱ་བོད་སྨན་རྫས་སོགས་ཁྱད་ཐོན་དངོས་རྫས་ཀྱིས་ལྟད་མོ་བ་ཀུན་གྱི་མིག་ཡིད་དབང་མེད་དུ་འཕྲོག་པར་བྱས།

           ཝང་ཏུང་མིང་དང་ཝེ་ཧུང་རྣམ་གཉིས་དཀར་མཛེས་འགྲེམ་སྟོན་ཁུལ་དུ་གཟིགས་ཞིབ་གནང་བར་ཕེབས་སྐབས། ཁོང་གཉིས་ཀྱིས་གོམ་སྟབས་དལ་མོས་འབྲེལ་ཡོད་གནས་ཚུལ་ལ་གཟབ་ནན་གྱིས་འདྲི་ཞིབ་གནང་ཡོད། གཟིགས་ཞིབ་གནང་སྐབས། ལས་སྒྲུབ་མི་སྣས་སྤྱི་རྒྱ་10ཡིན་པའི་མཐོ་སྒང་གི་ལ་ཕུག་ཅིག་འཁྱེར་ཡོང་ཞིང་། ཡེ་ཤེས་ཟླ་བས། འདི་ནི་རང་ཁུལ་གྱི་ལི་ཐང་རྫོང་གི་མཐོ་སྒང་སྐྱེ་ཁམས་ལ་ཕུག་ཡིན་ལ། ལ་ཕུག་ལ་ལར་ལྗིད་ཚད་རྒྱ་མ་30ཅན་ཡང་ཡོད། ཅེས་ངོ་སྤྲོད་གནང་སོང་། དཀར་མཛེས་ཁུལ་གྱི་འགྲེམ་སྟོན་ཁང་གི་ཕུན་སུམ་ཚོགས་ཤིང་ཁྱད་ཆོས་ལྡན་པའི་ཐོན་རྫས་དག་ལ་གཟིགས་རྗེས། ཝང་ཏུང་མིང་གིས། དཀར་མཛེས་འགྲེམ་སྟོན་ཁང་དུ་ཕེབས་པར་ངོ་མ་དགའ་ཚོར་ཡོད། དཀར་མཛེས་ལ་དངོས་གནས་ཐོན་རྫས་ཡག་པོ་འདུག་ཅེས་གསུངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1