ཁྱུང་མཆུ་རྫོང་གི་འབྲོག་ལས་ཐོན་སྐྱེད་ས་གནས་ཀྱི་གཞུང་ལམ་འཛུགས་སྐྲུན་ལས་གཞི་ལེགས་འགྲུབ་བྱུང་།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-29


               སྤྱི་ཟླ་10པའི་ཚེས་28ཉིན། 2014ལོའི་ཁྱུང་མཆུ་རྫོང་གི་དེང་རབས་ཀྱི་རྩྭ་ཐང་ཕྱུག་འབྲོག་ལས་ནོར་སྲིད་ཆེད་དོན་ལས་གཞིའི་དབུལ་སྐྱོར་རོགས་དངུལ་གྱི་འབྲོག་ལས་ས་གནས་ཀྱི་གཞུང་ལམ་འཛུགས་སྐྲུན་ལས་གཞི་ཡོངས་རྫོགས་མཇུག་བསྒྲིལ་ཡོད་ཅིང་། ཞང་དང་གྲོང་བརྡལ་གྱི་ཐོག་མའི་ཚོད་ལྟའི་རྣམ་པ་ལེགས་འགྲུབ་བྱུང་ཡོད། གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ལས་གཞི་འདིར་བསྡོམས་པས་མ་དངུལ་གཏོང་འཇོག་སྒོར་ཁྲི་600བྱས་ཡོད་ལ། ཞང་འགའ་ཞིག་གི་འབྲོག་སའི་གཞུང་ལམ་སྤྱི་ལེ་78གསར་བསྐྲུན་དང་། སྤྱི་ལེ་51གི་འབྲོག་སའི་གཞུང་ལམ་ལ་ཞིག་གསོ། གསར་བསྐྲུན་དང་ཞིག་གསོ་གཉིས་ཀ་བྱས་པའི་གཞུང་ལམ་6བཅས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1