བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་གྱི་ཁྲིད་སྦྱོང་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་དང་རྔ་བ་ཁུལ་དུང་དཀར་ལུགས་ཀྱི་ཐང་གའི་རི་མོ་གསོ་སྦྱོང་འཛིན་གྲྭ་འཚོགས་འགོ་བརྩམས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-30


          ཉེ་ཆར། སི་ཁྲོན་ཞིང་ཆེན་གྱི་མཛད་སྒོ་དེ་ཁྱུང་མཆུ་རྫོང་སྦྲ་ཆེན་གྲོང་བརྡལ་དུ་འཚོགས་འགོ་བརྩམས་ཤིང་། བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་བོད་ཀྱི་གནའ་བོའི་ལག་རྩལ་དར་སྤེལ་གཏོང་བའི་ཆེད་དུ། ཁྱུང་མཆུ་རྫོང་སྦྲ་ཆེན་གྲོང་བརྡལ་གྱི་སྦྲ་ཆེན་གྱི་རྩྭ་སའི་སྲོལ་རྒྱུན་ལག་རྩལ་རྒྱུད་འཛིན་ལྟེ་གནས་ཞེས་པར་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གིས། སི་ཁྲོན་ཞིང་ཆེན་གྱི་སྐབས་གཉིས་པའི་དངོས་མིན་ཤུལ་བཞག་རིག་གནས་ཁྲིད་སྦྱོང་རྟེན་གཞི་ཞེས་པའི་མིང་བཏགས་པ་དང་། དུས་མཚུངས་སུ། རང་ཁུལ་གྱི་དངོས་མིན་ཤུལ་བཞག་རིག་གནས་ལྟེ་གནས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འོག དངོས་མིན་ཤུལ་བཞག་རིག་གནས་ལྟེ་གནས་ཀྱིས་མ་དངུལ་སྒོར་ཁྲི་3བཏང་བ་དང་། རྫོང་འདིའི་མི་དམངས་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་2བཏང་ནས་རྫོང་འདིའི་རིག་གནས་ལུས་རྩལ་དང་རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་ཅུས་བཅས་ཀྱིས་སྦྲ་ཆེན་གྲོང་བརྡལ་དང་མཉམ་འབྲེལ་སྒོས་ཟླ་གཅིག་རིང་གི་ཁྱུང་མཆུ་རྫོང་གི་འབྲོག་ཁུལ་གྱི་ན་གཞོན་དུང་དཀར་ལུགས་ཀྱི་ཐང་ག་ཁྲིད་སྦྱོང་རྟེན་གཞི་ཞེས་པ་བསྒྲུབ་འགོ་བརྩམས་ཡོད།

          རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གསོ་སྦྱོང་དུ་ལག་རྩལ་སློབ་པ་གཙོ་བོར་འཛིན་པ་དང་། གཞུང་ལུགས་འཆད་ཁྲིད་ཀྱིས་ཁ་གསབ་བྱེད་པའི་རྣམ་པ་བྱས་ཏེ། གཙོ་བོར་དུང་དཀར་ལུགས་ཀྱི་ཐང་གའི་གཞུང་ལུགས་ཤེས་བྱ་དང་། རས་གཞི་དང་འབྲི་སྤྱད་བཟོ་བ། དེ་བཞིན་ཐང་གའི་པར་རིས་དང་། ཐང་གའི་ཐིག་རྩ། ཚོན་རིས་ཕབ་སྟངས། ཐང་གའི་མཐའ་ཤན་བཟོ་སྟངས་སོགས་ཕྱོགས་མང་པོ་ཞིག་ནས་ཁྲོད་སྟོན་དང་གསོ་སྦྱོང་བྱེད་བཞིན་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1