རྔ་བ་རྫོང་གི་ཉི་ནུས་གློག་འདོན་ས་ཚུགས་ཀྱི་ལས་གཞི་ལེགས་འགྲུབ་བྱུང་ནས་འབྲོག་པ་མང་ཚོགས་ཀྱིས་གློག་བེད་སྤྱོད་ཐུབ་པ་བྱུང་ཡོད།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-03


སྤྱི་ཟླ་པའི་ཚེས་ཉིན། རྔ་བ་རྫོང་འབྲོག་སའི་འབྲོག་ལས་སྡེ་བ་དེ་རྫོང་མཁར་དང་སྤྱི་ལེ་ཡི་མཚམས་ན་ཡོད། མུའུ་ཁྲི་ཡི་རྩྭ་རའི་ནང་འབྲོག་པ་དུད་ཁྱིམ་བསྡད་ཡོད་ལ། འབྲོག་སྡེ་འདི་དམིགས་བསལ་གྱི་གནས་ཤིག་ཏུ་ཆགས་ཡོད་པས། གློག་དྲ་བེད་སྤྱོད་ཐུབ་མེད་པར་མ་ཟད། གློག་མེད་པའི་དཀའ་ཁག་ལ་འཕྲད་ནས་ད་ལོའི་ཟླ་བར་ཡིན། ཉི་ནུས་གློག་འདོན་ས་ཚུགས་ལེགས་འགྲུབ་བྱུང་བ་དང་བསྟུན་ནས། གནས་འདིའི་རྒྱ་ཆེའི་འབྲོག་དམངས་ཀྱིས་གློག་དྲ་བེད་སྤྱོད་ཐུབ་པ་བྱུང་ཡོད།

               སྔོན་ཆད་འབྲོག་སྡེ་འདིའི་འབྲོག་པ་མང་ཆེ་བས་ལཱ་སྒྲོན་བེད་སྤྱོད་བྱེད་བཞིན་ཡོད་ལ། ཡང་འགའ་རེས་གློག་འདོན་འཕྲུལ་ཆས་བཀོལ་བཞིན་ཡོད། གློག་ཏུའུ་གཅིག་རེར་གླ་རིན་སྒོར་དགོས་ཤིང་། དེའི་གློག་རིན་མཐོ་བར་མ་ཟད། སྦག་བཙོག་ཀྱང་ཆེན་པོ་ཡོད། སི་ཁྲོན་ཀྲུང་ཞིན་ནུས་ཁུངས་ཚད་ཡོད་སྤྱི་གཉེར་ཁང་གིས་རྔ་བ་རྫོང་གི་ཉི་ནུས་གློག་འདོན་ས་ཚུགས་འཛུགས་པའི་ལས་གཞི་འདིར་རོགས་སྐྱོར་བྱས་ཏེ། འབྲོག་སྡེ་འདིར་གློག་བེད་སྤྱོད་པའི་བསྐལ་བ་དང་ལྡན་པར་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1