ཟུང་ཆུའི་འདེབས་གསོའི་ཁྱིམ་ཚང་དང་དབུལ་ཚང་གི་ཡོང་འབབ་མང་དུ་ཕྱིན།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-12


       ཉེ་ཆར། ཟུང་ཆུ་རྫོང་གི་ཤར་ནུབ་རྒྱུད་ཀྱི་ཞིང་བའི་ཆེད་ལས་མཉམ་ལས་ཁང་གི་ལས་ཀ་བ་རྣམས་ཀྱིས་ཟུང་ཆུའི་སྒོག་པ་དང་སྦྲང་རྩི། གཡེར་མ་སོགས་སྤུས་ལེགས་ཀྱི་ཁྱད་ལྡན་ཐོན་རྫས་དག་ལ་ཐུམ་རྒྱག་བཞིན་འདུག ཐོན་རྫས་དེ་དག་གི་རིན་ཐང་ཁྱོན་སྒོར་ཁྲི་2000ལྷག་ཡིན་ལ། དེ་ནི་ཟུང་ཆུའི་ཤར་ནུབ་རྒྱུད་ཀྱི་མཉམ་ལས་ཁང་གིས་རྫོང་ཡོངས་ཀྱི་འཚོ་སྐྱོང་ཁྱིམ་ཚང་དང་འདེབས་འཛུགས་ཁྱིམ་ཚང་། དེ་མིན་དབུལ་ཕོངས་ཁྱིམ་ཚང་བཅས་ཀྱི་ལག་ནས་ཉོས་པའི་ལྗང་མདོག་གི་སྐྱེ་ཁམས་ཐོན་རྫས་རེད། ཐོན་རྫས་དེ་དག་ཀྲེ་ཅང་གི་མཚོ་རྒྱུད་དུ་འཚོང་རྒྱུ་རེད།

      ད་ལོར། ཟུང་ཆུ་རྫོང་གིས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ཀྱི་གོ་སྐབས་དམ་པོར་བཟུང་སྟེ། སྲིད་གཞུང་གིས་སྟེགས་བུ་བསྐྲུན་པ་དང་ཞིང་ལས་ཐོན་རྫས་ཀྱིས་སྨྱན་སྦྱོར་བྱས་ལ། ཐོན་སྐྱེད་དང་ཕྱིར་འཚོང་གཉིས་སྦྲེལ་མཐུད་བྱས། ཞིང་ལས་ཐོན་རྫས་ཕྱིར་འཚོང་གི་དྲ་བའི་མ་ལག་སྤྱད་དེ་ཤར་ནུབ་རྒྱུད་ཀྱི་ཞིང་ལས་ཐོན་རྫས་ཉོ་འཚོང་ལེགས་པར་བསྒྲུབས་ཏེ། ཟུང་ཆུ་རྫོང་གི་འདེབས་གསོ་ཁྱིམ་ཚང་དང་དབུལ་ཕོངས་ཁྱིམ་ཚང་གི་ཡོང་འབབ་ཇེ་མང་དུ་བཏང་ངོ་།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1