གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༡༢ཉིན།

ཞི་ཅིན་ཕིང་གིས་ཀྲུང་གོ་ཁྲིམས་སྐྱོང་རྒྱལ་སྤྱིའི་གླེང་སྟེགས(2019ལོ)འགོ་ཚུགས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས10ཉིན།  ཀྲུང་གོ་ཁྲིམས་སྐྱོང་རྒྱལ་སྤྱིའི་གླེང་སྟེགས་ཀོང་ཀྲོའུ་ནས་འགོ་ཚུགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
        ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གིས་འགན་ལེན་བྱེད་དགོས།  ཀྲུང་གོས་རྒྱལ་སོ་སོ་དང་མཉམ་དུ་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་བཟོ་སྐྲུན་བྱེད་པ་དང་། དྲང་བདེན་དང་། ལུགས་མཐུན།  ཕྱི་གསལ་ནང་གསལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་མ་ལག་འཛུགས་སྐྲུན་བྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྤུས་ཚད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་སོ་སོའི་མི་དམངས་ལ་དེ་བས་ལེགས་པའི་སྒོ་ནས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད། ཚང་མས“ཀྲུང་གོའི་ཁྲིམས་སྐྱོང་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ལ་ཞབས་འདེགས་ཞུ་བའི”བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་ཧུར་ཐག་གིས་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་འཕེལ་རྒྱས་དང་འཐུས་ཚང་ཡོང་བར་སྐུལ་འདེད་བཏང་སྟེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འཕེལ་རིམ་ཁྲོད་ཁྲིམས་སྐྱོང་གི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད
        ཀྲུང་གོ་ཁྲིམས་སྐྱོང་རྒྱལ་སྤྱིའི་གླེང་སྟེགས(2019)ནི་ཀྲུང་གོ་ཁྲིམས་རིག་སློབ་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་ཀྲུང་གོ་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ40ལྷག་ཙམ་དང་རྒྱལ་སྤྱིའི་རྩ་འཛུགས4ཡི་འཐུས་མི400ལྷག་ཙམ་གླེང་སྟེགས་སྟེང་ཞུགས་ཡོད་པ་རེད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1