སི་ཁྲོན་ཞིང་ཆེན་གྱི་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཁང་གི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཅུ་བཞི་པ་མཇུག་བསྒྲིལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-29


        ཟླ་11པའི་ཚེས་28ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཁང་གི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཅུ་བཞི་བའི་གྲོས་རིམ་ཁག་བདེ་ལེགས་ངང་མཇུག་བསྒྲིལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཁང་གི་ཀྲུའུ་རེན་ཕེང་ཆིང་ཧྭ་ཡིས་གྲོས་ཚོགས་མཇུག་སྒྲིལ་བར་གཙོ་འཛིན་མཛད་པ་མ་ཟད་གསུང་བཤད་གནང་བ་རེད།
        རྒྱུན་ཨུ་ལྷན་ཁང་གི་རྩ་འཛུགས་མི་སྣ་67ཚོགས་འདུ་ལ་ཞུགས་པ་དང་ཚོགས་ཞུགས་མི་སྣའི་ཁ་གྲངས་ཁྲིམས་བཀོད་མི་གྲངས་དང་མཐུད་པ་རེད།
        གྲོས་ཚོགས་སུ་སི་ཁྲོན་ཞིང་ཆེན་གྱི་ཁེ་ལས་དང་ཁེ་ལས་གཉེར་སྐྱོང་མཁན་གྱི་ཁེ་དབང་སྲུང་སྐྱོབ་སྲོལ་ཡིག་གི་འཆར་ཟིན་ཞེས་པ་རྒྱུན་ཨུ་ལྷན་ཁང་གི་གྲོས་ཚོགས་རྗེས་མའི་ནང་དུ་བཞག་ནས་མུ་མཐུད་དུ་གྲོས་ཞིབ་བྱ་རྒྱུར་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།
གཞན་གྲོས་ཚོགས་སུ་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་སྲོལ་ཡིག་ལ་བཟོ་བཅོས་བྱས་པའི་གཏན་འབེབས་ཞེས་པ་དང་སི་ཁྲོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཁང་གིས་གྲོང་ཁྱེར་གྱི་བཙོག་ཆུ་འདོར་བའི་དོ་དམ་སྲོལ་ཡིག་ལ་བཟོ་བཅོས་བྱས་པའི་གཏན་འབེབས་ཞེས་པ། སི་ཁྲོན་ཞིང་ཆེན་ཤིང་སྡོང་རྙིང་བ་དང་རྩ་ཆེའི་ཤིང་རིགས་ལ་སྲུང་སྐྱོབ་བྱེད་པའི་སྲོལ་ཡིག་ཅེས་པ་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། སི་ཁྲོན་ཞིང་ཆེན་དམངས་ཆེན་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཁང་གིས་ཀང་ཡོན་གྲོང་ཁྱེར་གྱི་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག་ཅེས་པ་དང་། ལི་ཧྲན་གྱི་བྱམས་པ་ཆུ་གཟིགས་ཀྱི་འཛམ་གླིང་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་སྲོལ་ཡིག་ཅེས་པ། གླིང་ཆེན་འགྱིང་རིའི་འཛམ་གླིང་རིག་གནས་དང་རང་བྱུང་ཤུལ་བཞག་་སྲུང་སྐྱོང་སྲོལ་ཡིག་སོགས་ལ་ཆོག་མཆན་བཀོད་པར་གྲོས་འཆམ་བྱུང་བ་མ་ཟད། དེ་མིན་ད་དུང་གྲོས་ཚོགས་སུ་རྩ་ཁྲིམས་དམ་བཅའ་འཇོག་པ་དང་འགན་བཞེས་ཡི་གེ་སྤྲོད་པའི་མཛད་སྒོ་སྤེལ་བ་རེད། ཕེང་ཆུང་ཧྭ་ཡིས་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཚབ་མཛད་ནས་འགན་བཞེས་མི་སྣར་འགན་བཞེས་ཡི་གེ་སྤྲད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1