གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༠༥ཉིན།

ཞི་ཅིན་ཕིང་གིས“2019ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”སུ་ཞུགས་མཁན་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཇལ་འཕྲད་གནང་།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང“2019ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”སུ་ཞུགས་མཁན་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཇལ་འཕྲད་གནང་།

ཟླ12པའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང“2019ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”སུ་ཞུགས་མཁན་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཇལ་འཕྲད་གནང་བཞིན་པ།
        ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྐྱོང་བདེ་འགོད་ཀྱི་བགྲོད་ལམ་དང་མིག་སྔའི་རྒྱལ་སྤྱིའི་གནས་བབ་ཐད་ཀྱི་ལྟ་ཚུལ་མཚམས་སྦྱོར་མཛད། ཞི་ཅིན་ཕིང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70ལོན་པའི་ལོ་ཡིན་པས། ལོ་རྒྱུས་རང་བཞིན་ལྡན་པའི་ལོ་འདིར་མི་རྣམས་ཀྱིས་བསམ་གཞིགས་གཏིང་ཟབ་གཏོང་སྲིད་ངེས། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ70རིང་ལ་རླབས་ཆེན་གྱི་འཕེལ་རྒྱས་གྲུབ་འབྲས་བླངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་ནི་ཀྲུང་གོ་མུ་མཐུད་དུ་འཕེལ་རྒྱས་དང་བརྟན་འཇགས་སུ་འགྲོ་བའི་རྩ་བའི་རྒྱུ་རྐྱེན་ཡིན་པས། ཀྲུང་གོ་མི་དམངས་ཡོངས་ཀྱི་གོང་བཀུར་དང་རྒྱབ་སྐྱོར་ཆེན་པོ་ཐོབ། ང་ཚོ་བློ་བརྟན་འགྱུར་མེད་སྒོས་མུ་མཐུད་དུ་རང་ཉིད་ཀྱིས་གདམ་གསེས་བྱས་པའི་བགྲོད་ལམ་དུ་སྐྱོད་ངེས་ཡིན། ཀྲུང་གོས་མུ་མཐུད་དུ་བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱས་ཏེ། དུས་ལྟར“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། རང་ཉིད་ཀྱིས་ཀྲུང་གོའི་མ་འོངས་པར་ཡིད་ཆེས་ཆེན་པོ་བཅངས་ཡོད་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་སྔར་ནས་བཟུང་རྒྱལ་ཁབ་སོ་སོའི་མི་དམངས་ལ་རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་གདམ་ག་བྱེད་པའི་རང་དབང་ཡོད་པའི་ཚུལ་བཏོན་ཡོད། འཛམ་གླིང་ཐོག་རྒྱལ་ཁབ་གང་དང་མི་རིགས་གང་ཞིག་གིས་ཀྱང་གཞན་གྱི་རྗེས་སུ་འབྲངས་ནས་གཞན་གྱི་བགྲོད་ལམ་དུ་བསྐྱོད་དེ་རང་ཉིད་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་བྱེད་ཐུབ་པ་ཞིག་མེད་ལ། འགྱུར་བ་གཏན་ནས་མེད་པའི་བགྲོད་ལམ་ཞིག་གིས་རྒྱལ་ཁབ་དང་མི་རིགས་ཡོད་ཚད་འཕེལ་རྒྱས་དང་དར་རྒྱས་ཡོང་བར་ཁྲིད་སྟོན་བྱེད་ཐུབ་པ་ཞིག་ཀྱང་མེད། ཀྲུང་གོས་རང་ཉིད་ཀྱི་ལག་ལེན་ཐོག་ནས་རྒྱལ་ཁབ་སྟོབས་འབྱོར་ཆེ་ན་བཙན་དབང་བྱེད་པའི་ངེས་པ་མེད་པ་ར་སྤྲོད་བྱས་ཡོད།  དེ་ནི་ཐོག་མར་ཀྲུང་གོའི་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་རིག་གནས་སྲོལ་རྒྱུན་གྱིས་ཐག་བཅད་པ་ཞིག་ཡིན་ཞིང་། ཀྲུང་གོ་བས་བཙན་འཛུལ་གྱི་གཞི་རྐྱེན་རྒྱ་བསྐྱེད་མེད་པ་དང་། གནམ་འོག་སྤྱི་སྙོམས་ཆེན་པོ་དང་གནམ་འོག་སྤྱི་སྙོམས་དོན་དུ་འཛིན་པའི་འདུ་ཤེས་བཟུང་བ་ལས་རྒྱལ་ཕམ་ཀྱི་འཐབ་རྩོད་བྱེད་པ་བཅས་ཀྱི་བསམ་གཞིགས་ལ་ཡིད་མཐུན་བྱེད་ཀྱི་མེད། དེ་དང་ཆབས་ཅིག་ཀྲུང་གོས་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་འདྲ་མཉམ་གཉིས་ཕན་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་སོ་སོ་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་འཛུགས་སྐྱོང་གཏོད་འདོད་ཡོད་ཅེས་གསུངས་པ་རེད། 

ཟླ12པའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང“2019ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”སུ་ཞུགས་མཁན་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཇལ་འཕྲད་གནང་བཞིན་པ།

        ལ་ཐོ་ཝེ་ཡའི་ཙུང་ཐུང་ཟུར་པ་ཧྥའོ་ལེ་པེ་ཅ་དང་ཐན་ཙན་ནི་ཡའི་ཙུང་ཐུང་ཟུར་པ་མུའུ་ཁ་ཕ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཅིག་ཧྲན་ཡུག་ཅི་ཧྥུའུ། ཨ་མེ་རི་ཁའི་ཙུང་ཐུང་ཟུར་པ་པུའུ་ཧྲིའི་སན་ཙའི་ཉི་ཨར་པུའུ་ཧྲི། སི་ལོ་ཝན་ཉི་ཡའི་ཙུང་ཐུང་ཟུར་པ་ཐུའུ་ཨར་ཁི་སོགས་ཕྱི་རྒྱལ་གྱི་མགྲོན་པོས་སྔ་གཞུག་ཏུ་གཏམ་བཤད་དེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཤིང་། ཀྲུང་གོས་འཕེལ་རྒྱས་གྲུབ་འབྲས་ཆེན་པོ་བླངས་པར་ཡིད་སྨོན་བྱེད་ཀྱིན་ཡོད་པར་མ་ཟད་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལ་བྱས་རྗེས་གལ་ཆེན་བཞག་པར་གཟེངས་བསྟོད་བྱས།  ཀྲུང་གོ་ནི་ཤུགས་རྐྱེན་གལ་ཆེན་ཐེབས་པའི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཆ་ནས་མུ་མཐུད་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་པར་ཁོ་ཚོར་ཡིད་ཆེས་ཡོད་ཟེར།

ཟླ12པའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང“2019ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”སུ་ཞུགས་མཁན་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཇལ་འཕྲད་གནང་། འདི་ནི་མཇལ་འཕྲད་མ་གནང་གོང་ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
        མཇལ་འཕྲད་མ་གནང་གོང་ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
        དབྱང་ཅེ་ཁྲེ་དང་ཝང་དབྱི་སོགས་མཇལ་འཕྲད་ནང་ཞུགས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1