ཨ་མྱེས་རྨ་ཆེན་འདབས་ཀྱི་དབུལ་ཕོངས་ཤང་དབུལ་སྒྲོལ་བྱུང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-19


      ཟླ་12ཚེས་17ཉིན། “བོད་ལུག་དཀར་པོའི་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་ལ་བརྟེན་ནས། ཤང་ཡོངས་ཀྱི་འབྲོག་པ་ལོ་མཇུག་ཏུ་དབུལ་ཕོངས་ལས་སྒྲོལ་ཐུབ་པར་སྣང་དག་མེད་”ཅེས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཡུལ་ཚོའི་ཏང་ཨུ་ཧྲུའུ་ཅི་བསམ་འགྲུབ་གྱིས་ཡིད་ཆེས་ངང་གཏམ་འདི་བརྗོད་བྱུང་། “ཐོན་ལས་གཉེར་བས་འབྲོག་པའི་ཡོང་འབབ་བརྟན་བརླིང་ངང་འཕར་བ་དང་། ཕྱིར་དབུལ་ཕོངས་ལ་འགྱུར་བའི་ཚད་ཉུང་དུ་སོང་ཡོད་པས། འཚོ་བ་བཟང་པོ་ད་གཟོད་རྒྱུན་བསྲིངས་ཐུབ། ”
    རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཡུལ་ཚོ་ནི་བོད་ཁུལ་གྱི་རི་ཆེན་བཞིའི་ཡ་གྱལ་ཨ་མྱེས་རྨ་ཆེན་གྱི་གངས་འདབས་དང་། གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་ལྟེ་བར་གནས་ཡོད་ཅིང་། ཆ་སྙོམས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300ཡོད་ལ། བོད་རིགས་འདུས་སྡོད་བྱས་པའི་འབྲོག་པ་དག་མ་རེད། 
    2013ལོར། བསམ་འགྲུབ་ཤང་ཏང་ཨུ་ཧྲུའུ་ཅི་བྱེད་དུས། ཤང་ཡོངས་ཀྱི་ཆ་སྙོམས་ཀྱི་ལག་ཐོག་ཡོང་འབབ་སྒོར་700ལས་མེད། “འབྲོག་པ་ཚོ་གངས་རི་ལས་ཕྱིར་བསྐྱོད་མི་ཐུབ་ཅིང་། རིག་གནས་ཆུ་ཚད་ཞན་པ། ལག་རྩལ་མེད་པས་ནོར་ཕྱུགས་ཁོ་ནར་བརྟེན་ནས་འཚོ་བ་རོལ་དགོས།” འབྲོག་པ་ཚོའི་དཀའ་ཁག་སེལ་བ་དང་ཕྱུག་འགྱུར་གྱི་ལམ་ལ་གང་ལྟར་བསྐྱོད་དགོས་སམ། བསམ་འགྲུབ་དང་ལས་རོགས་ཚོས་ཐེངས་ཁ་ཤས་ལ་གྲོས་མོལ་བྱས་པ་བརྒྱུད། ཤུགས་གཅིག་ཏུ་བསྒྲིལ་ནས་ “ད་ལྟ་དང་མ་འོངས་པར་དབུལ་ཕོངས་ཀྱི་རྣམ་པ་ལས་རྩ་བ་ནས་ཐར་ཐུབ་པའི་”ལས་དོན་ཞིག་བསྒྲུབ་རྒྱུ་ཐག་བཅད། ཤང་སྲིད་གཞུང་གིས་གཉན་རྭ་གྲོང་ཚོར་ཐོག་མར་མཉམ་ལས་ཚོད་ལྟ་བྱ་ཡུལ་བཙུགས་ཤིང་། དེར་འབྲོག་པ་ཚོས་རང་ཉིད་ཀྱི་རྩྭ་ར་དང་། ལུག་ཁྱུ། ངལ་རྩོལ་ནུས་པ་མ་རྐང་ལ་ཕབ་ནས་མཉམ་ལས་ཁང་དུ་ཞུགས་ཏེ། གཅིག་འགྱུར་སྡེབ་སྒྲིག་དང་། གཅིག་འདུས་གསོ་སྤེལ་བྱས་པ་རེད། 
   “དང་ཐོག་འབྲོག་པ་དུད་ཁྱིམ་100ལྷག་གིས་མིང་རྟགས་བཀོད་ནས་མཉམ་ལས་ལ་ཞུགས་པ་རེད།”བསམ་འགྲུབ་ཀྱིས་དེ་ལྟར་བརྗོད། འབྲོག་པ་སྔར་བས་མང་པོ་དེ་ལ་ཞུགས་པར་སྐུལ་འདེད་གཏོང་ཆེད། རྟ་བོ་ཞོལ་མ་ཡུལ་ཚོ་ཡིས་“ཁ་ཏ་”བྱེད་མཁན་ཚོ་ཆུང་བཙུགས་ནས་འབྲོག་པའི་ཁྱིམ་དུ་ཟབ་ཞུགས་དང་། མཉམ་ལས་ཁང་གིས་ཡོང་འབབ་འཕར་བ་ལ་ཕན་ཐོགས་ཐུབ་པའི་སྐོར་གྱི་ལེགས་ཆ་ཡང་ནས་ཡང་དུ་ངོ་སྤྲོད་བྱས་པ་དང་། “ཚོགས་འདུ་ཆེ་ཆུང་ཐེངས་50ལྷག་འཚོགས་པ་ཡིན། འབྲོག་པའི་དུད་ཁྱིམ་ལ་ལར་ཐེངས་གཅིག་གིས་བྱུང་མ་སོང་ན་ཐེངས་གཉིས་པར་སོང་བ་དང་། གོ་རྟོགས་ཐུབ་པའི་བར་བསྐྱོད་པ་ཡིན”ཞེས་བཤད། 

   བཟང་འབུམ་གྱིས་བསྟན་དོན། རྨ་ཆེན་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཅིག་འདོམས་བྱས་ནས། སྔ་ཕྱི་བར་གསུམ་དུ་“སེམས་ཁྲལ་མེད་པ་གཉིས་མེད་དང་འགན་སྲུང་གསུམ་ཡོད་པ”ལ་དམིགས་ཤིང་།  ཚགས་དམ་པོའི་ངང་“ཁག་གཅིག་བྱས་པ་བརྒྱད”དང་ལས་རིགས་དབུལ་སྐྱོར་སྐུལ་འདེད་བྱ་རྒྱུ་ཡིན་པ་བསྟན། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1