རྔ་བ་ཁུལ་འཛམ་ཐང་རྫོང་གིས་རིག་གནས་དབུལ་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-30


   ཟླ་12པའི་དགུན་ཁའི་ཉི་ཟེར་ཛམ་བྷ་ལའི་རྫ་ཆས་སྒྱུ་རྩལ་ཁྲིད་སྦྱོང་ཁང་གི་སྒེའུ་ཁུང་བརྒྱུད་ནས་ཆད་མེད་འཁོར་བའི་འཇིམ་བག་གི་སྟེང་འཕྲོས། འཛམ་ཐང་རྫོང་གི་འཛམ་ཐང་སྟོད་མའི་ཤང་རི་འཕོངས་གྲོང་ཚོའི་རྫ་ཆས་སྒྱུ་རྩལ་ཁྲིད་སྦྱོང་ཁང་དུ། ཚེ་རིང་སྐྱབས་ཀྱིས་རྫ་ཆས་མཛེས་བཟོ་བྱེད་བཞིན་ཡོད། ཚེ་རིང་སྐྱབས་དང་ཁྲིད་སྦྱོང་ཁང་གི་སློབ་མ་18ཚང་མ་འཛམ་ཐང་རྫོང་དབུལ་ཕོངས་དུད་ཁྱིམ་ནས་ཡིན་ཞིང་། ལོ་དྲུག་རིང་སློབ་སྦྱོང་དང་ཟུར་སྦྱོང་བྱས་པ་བརྒྱུད། ཁོང་ཚོས་རྫ་ཆས་མཛེས་རྩལ་ཁྲིད་སྦྱོང་ཁང་ནས་བོད་ལུགས་རྫ་ཆས་བཟོ་སྟངས་ཀྱི་གོ་རིམ་སོགས་ཕྱོགས་བསྡུས་ཀྱི་ལག་རྩལ་བྱང་ཆུབ་ཅིང་། ཀུན་སྤྱོད་སློབ་གསོ་དང་བོད་ཡིག རྒྱ་ཡིག གྲངས་རིག གློག་རྡུལ་ཚོང་ལས། བོད་རྒྱ་ཡིག་རིགས་ཀྱི་ཡིག་གཟུགས། རྨང་གཞིའི་རི་མོ་སོགས་ཀྱི་སློབ་ཚན་གསོ་སྦྱོང་ཆ་ཚང་བྱས་ཡོད། 

   2019ལོའི་ཟླ་8པར། ཚེ་རིང་སྐྱབས་དང་རྫ་ཆས་བཟོ་སྟངས་སློབ་སྦྱོང་བྱེད་མཁན་གྲོགས་པོ་ཚོ་མཉམ་དུ་འཛམ་ཐང་རྫོང་གི་སྐབས་དང་པོའི་ན་གཞོན་གྱི་བོད་ལུགས་རྫ་ཆས་དངོས་མིན་རིག་གནས་རྒྱུད་འཛིན་པར་གྱུར་པ་རེད། ཁོང་ཚོས་ཁེར་རྐྱང་གིས་བཟོས་པའི་བོད་ལུགས་རྫ་ཆས་ལག་རྩལ་བརྩམས་ཆོས་ལ་རྒྱལ་ནང་ནས་བྱ་དགའ་ཐོབ་པ་མ་ཟད་ཕྱི་རྒྱལ་དུའང་བཙོངས་ཡོད། 







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1