༄༅། །ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས«ཁྲིམས་དང་འབྲེལ་བའི་འཕྲིན་བཅར་གྱི་གནད་དོན་ཁྲིམས་ལྟར་ཐག་གཅོད་དགོས་པའི་སྐོར་གྱི་བསམ་འཆར།»ཞེས་པ་འགྲེལ་སྤེལ་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-13


    ཉེ་སྔོན་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གྱིས«ཁྲིམས་དང་འབྲེལ་བའི་འཕྲིན་བཅར་གྱི་གནད་དོན་ཁྲིམས་ལྟར་ཐག་གཅོད་དགོས་པའི་སྐོར་གྱི་བསམ་འཆར།»པར་སྐྲུན་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཡུལ་དངོས་ནས་མཐུན་སྦྱོར་དང་གཞོགས་འདེགས་བྱས་ཏེ། ཁྲིམས་དང་འབྲེལ་བའི་འཕྲིན་བཅར་གྱི་བྱ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས་པ་དང་། ཁྲིམས་དང་འབྲེལ་བའི་འཕྲིན་བཅར་གྱི་གནད་དོན་དེ་ཧུར་ཐག་སྒོས་ཁྲིམས་ལྟར་ཐག་གཅོད་པའི་གོམས་སྲོལ་ཞིག་ཆགས་པར་འཇུག་དགོས་པའི་བླང་བྱ་བཏོན།

    «བསམ་འཆར།»ནང་ཁྲིམས་དང་འབྲེལ་བའི་འཕྲིན་བཅར་གྱི་གནད་དོན་དེ་ཁྲིམས་ལྟར་ཐག་གཅོད་བྱ་དགོས་པའི་དོན་སྙིང་གལ་ཆེན་ལ་ངེས་ཤེས་བསྐྱེད་ནས། ཁྲིམས་དང་འབྲེལ་བའི་འཕྲིན་བཅར་གྱི་བྱ་བའི་ནང་རྐྱེན་ལ་བཅོས་བསྒྱུར་དང་། ཁྲིམས་ལག་བསྟར་དང་ཁྲིམས་སྐྱོང་གི་སྤྱི་བའི་ཡིད་ཆེས་སྔར་ལས་ཇེ་མཐོར་གཏོང་བ། ཁྲིམས་དང་འབྲེལ་བའི་འཕྲིན་བཅར་གྱི་སྒྲིག་ལམ་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ། ཁྲིམས་ལྟར་ཐག་གཅོད་པའི་རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་པ་དང་ལེགས་བཅོས་བྱ་དགོས་པ་སོགས་ཁག་ལྔ་རུ་འདུས་ཡོད།

    «བསམ་འཆར།»ནང་བསྟན་དོན། ཁྲིམས་དང་འབྲེལ་བའི་འཕྲིན་བཅར་གྱི་གནད་དོན་ཁྲིམས་ལྟར་ཐག་གཅོད་རྒྱུ་དེ། ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་ལ། རྒྱལ་ཁབ་ཀྱི་ཁྲིམས་གཅིག་གྱུར་དང་ལ་རྒྱ། མཚན་སྙན་གྲགས་བཅས་ལ་འབྲེལ་བ་ཡོད་པར་མ་ཟད། ཏང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དང་རྒྱལ་ཁབ་ཡུན་རིང་གཏན་འཇགས་ཡོང་བ་ལའང་འབྲེལ་བ་ཡོད་པས། ཁྲིམས་དང་འབྲེལ་བའི་འཕྲིན་བཅར་བྱ་བའི་ནང་རྐྱེན་ལ་བཅོས་བསྒྱུར་བྱས་ཏེ། ཁྲིམས་དང་འབྲེལ་བའི་འཕྲིན་བཅར་གྱི་གནད་དོན་དེ་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ་ནི། ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་བླང་བྱ་ཡིན་པར་མ་ཟད། བཟོ་བཅོས་བྱས་ཟིན་པའི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་དང་དམངས་དོན་གཏུག་བཤེར་བཅའ་ཁྲིམས་ལག་ལེན་མཐར་ཕྱིན་བྱེད་པའི་དོན་དངོས་ཀྱི་བྱ་སྤྱོད་ཅིག་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དགོས་མཁོ་ཞིག་ཡིན་ལ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པའི་མཚོན་རྟགས་དངོས་ཤིག་ཀྱང་ཡིན།

    «བསམ་འཆར།»ནང་ནན་གྱིས་བསྟན་དོན། ཁྲིམས་དང་འབྲེལ་བའི་འཕྲིན་བཅར་བྱ་བའི་ནང་རྐྱེན་བཅོས་བསྒྱུར་དང་། ཁྲིམས་དང་འབྲེལ་བའི་འཕྲིན་བཅར་གྱི་གནད་དོན་ཁྲིམས་ལྟར་ཐག་གཅོད་བྱ་དགོས་པའི་སྤྱི་ཁོགས་རིགས་ལམ་ནི། དུས་རྒྱུན་དུ་གཅིག་བསྡུས་སྒོས་སྒྲུབ་པ་དང་སྲིད་འཛིན་གྱི་སྐུལ་འདེད་ལ་བརྟེན་དྲགས་པ། འཕྲིན་བཅར་ལ་བརྟེན་ནས་བཅའ་ཁྲིམས་ཀྱི་གོ་རིམ་བརྒྱུད་པའི་བྱ་བའི་སྒྲུབ་སྟངས་བསྒྱུར་ཏེ། ཁྲིམས་དང་འབྲེལ་བའི་འཕྲིན་བཅར་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཁྲིམས་སྐྱོང་གི་འཁོར་ལམ་དུ་ཞུགས་པ་དང་། སྲིད་ཁྲིམས་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་གོ་རིམ་ལྟར་ཐག་གཅོད་བྱེད་པ། ཁྲིམས་ལག་བསྟར་བྱེད་སྐབས་ནོར་འཁྲུལ་བྱུང་ན་ཁྲིམས་ལྟར་ཡོ་བསྲང་བྱེད་པ། ཁྲིམས་ལྟར་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ། ཁྲིམས་ལྟར་དྲང་བོ་དྲང་བཞག་ཡོང་བར་སྲུང་སྐྱོབ་བྱེད་པ། ཁྲིམས་མཐུན་གྱི་འཕྲིན་བཅར་ལ་སྲུང་སྐྱོབ་བྱེད་པ་བཅས་བྱས་ཏེ། ཁྲིམས་འགལ་གྱིས་ཟིང་ཆ་སློང་བར་བཀག་འགོག་དང་གྱོད་དོན་རྩད་གཅོད། དོན་དག་སྒྲུབ་ཚར་བ་དང་གཏུག་འཇོག་ཞུ་འཇོག་ཧུར་ཐག་སྒོས་མངོན་འགྱུར་བྱེད་པ་བཅས་ཀྱིས། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དང་ཁྲིམས་སྐྱོང་དབང་ཆ་སྲུང་སྐྱོབ་བྱེད་པ་གཅིག་གྱུར་ཡོང་བར་བྱ་རྒྱུ་དེ་ཡིན།

    «བསམ་འཆར།»ནང་བསྟན་དོན། གཏུག་བཤེར་དང་འཕྲིན་བཅར་སོ་སོར་དབྱེ་བའི་ལམ་ལུགས་ལག་བསྟར་བྱ་དགོས། དམངས་ཀྱི་ཚོང་དོན་དང་སྲིད་འཛིན། ཉེས་དོན་སོགས་གཏུག་བཤེར་དབང་ཆ་དེ་མུག་སྐྱོབ་དང་འབྲེལ་བ་ཡོད་པའི་འཕྲིན་བཅར་གྱི་དོན་ཚན་ལ། སྤྱིར་བཏང་གིས་འཕྲིན་བཅར་སྒྲིག་སྲོལ་དང་སོ་སོར་དབྱེ་སྟེ་སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱ་དགོས་པ་དང་། རིམ་པ་སོ་སོའི་འཕྲིན་བཅར་སྡེ་ཁག་གིས་རང་སྡེ་ཁག་ལ་ཞུ་གཏུག་བྱེད་དུ་ཡོང་བའི་འཕྲིན་བཅར་མང་ཚོགས་དེར། སྲིད་ཁྲིམས་ལས་ཁུངས་ལ་གནས་ཚུལ་ཡར་ཞུ་བྱེད་པར་ཁྲིད་སྟོན་བྱ་དགོས་པ་དང་དུས་གཏན་འཁེལ་ལྟར་བདག་སྤྲོད་བྱས་ཡོད་པའི་དོན་དག་སྤྱི་བདེ་ལས་ཁུངས་དང་། ཁྲིམས་སྐྱོང་སྲིད་འཛིན་ལས་ཁུངས་དང་འབྲེལ་བ་ཡོད་པའི་འཕྲིན་བཅར་དང་། འབྱོར་ཟིན་པའི་མང་ཚོགས་ཀྱི་ཁྲིམས་དང་འབྲེལ་བ་ཡོད་པའི་འཕྲན་བཅར་དེ་རིམ་པ་གཅིག་མཐུན་གྱི་སྲིད་ཁྲིམས་ལས་ཁུངས་ལ་སྤྲད་དེ་ཁྲིམས་ལྟར་ཐག་གཅོད་བྱེད་དུ་འཇུག་དགོས།

    «བསམ་འཆར།»ནང་ད་རུང་ཁྲིམས་དང་འབྲེལ་བའི་འཕྲིན་བཅར་གྱི་དོན་ཚན་དེ་ཁྲིམས་སྐྱོང་གོ་རིམ་ནང་ཞུགས་པའི་ནང་རྐྱེན་བཙུགས་ནས། ཁྲིམས་དང་འབྲེལ་བའི་འཕྲིན་བཅར་གྱི་དོན་ཚན་ལ་རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱིས་དུས་ལྟར་ལྟ་ཞིབ་དང་དབྱེ་འབྱེད་བྱ་དགོས་ལ། བཅའ་ཁྲིམས་ཀྱི་གོ་རིམ་དུ་ཞུགས་ཡོད་པ་ཞིག་ཡིན་ཕྱིན་དེ་མུ་མཐུད་དུ་ཁྲིམས་དང་གོ་རིམ་ལྟར་བསྒྲུབ་དགོས་པ་དང་། གལ་ཏེ་གྱོད་གཞི་ཐག་གཅོད་བྱས་ཡོད་མོད། འོན་ཀྱང་ཡང་བསྐྱར་གྲོས་བསྡུར་དང་ཞིབ་བཤེར་བྱེད་པའི་ཆ་རྐྱེན་དང་མཐུན་ཚེ། ཁྲིམས་ལྟར་དེ་མཐུན་གྱིས་བཅའ་ཁྲིམས་གོ་རིམ་དུ་བཞག་ནས་བསྒྲུབ་དགོས་ལ། ཡང་བསྐྱར་གྲོས་བསྡུར་དང་ཞིབ་བཤེར་བྱེད་པའི་ཆ་རྐྱེན་དང་མི་མཐུན་ཚེ། གྱོད་གཞི་བདག་སྤྲོད་མི་བྱེད་པའི་རྒྱུ་མཚན་གསལ་བཤད་བྱེད་དགོས་དང་། འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་བསྒྲུབས་པའི་སྲིད་འཛིན་བསྐྱར་ཞིབ་ཐག་གཅོད་ལ་མི་འཐད་པ་དང་། གནས་ཚུལ་གསལ་བོར་བཤད་ཀྱང་ད་རུང་མི་འཐད་པ་ཡིན་ན། མི་དམངས་ཁྲིམས་ཁང་ལ་སྲིད་འཛིན་གཏུག་བཤེར་བྱེད་པར་ཁྲིད་སྟོན་བྱེད་ཆོག་པ་བཅས། འབྲེལ་ཡོད་གོ་རིམ་དང་མཇུག་འབྲས་རྣམས་གཏན་འཁེལ་བྱས་ཡོད་པའི་དུས་ཡུན་དང་དེའི་སྒྲུབ་ལུགས་ནང་བཞིན་དུས་ལྟར་དོ་བདག་ལ་བཤད་དགོས་པ་སོགས་ཀྱི་བླང་བྱ་བཏོན་ཡོད།

    «བསམ་འཆར།»ནང་བསྟན་དོན། ཁྲིམས་ལྟར་གོ་རིམ་ཡོད་པའི་སྒོ་ནས་འགྲོ་ལུགས་ཡོངས་རྫོགས་གཟབ་ནན་གྱིས་དངོས་འབེབས་བྱེད་དགོས། རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་ཁྲོད་དུ་ཐག་གཅོད་བྱས་ཟིན་པའི་གྱོད་གཞི་ལ། ཁྲིམས་ལྟར་ཐག་བཅད་པའི་དུས་ཡུན་ནང་དྲང་བོ་དྲང་བཞག་གིས་བསྒྲུབ་དགོས་པ་དང་། ཡང་བསྐྱར་གྲོས་བསྡུར་དང་ཞིབ་བཤེར་བཅས་བྱས་ཏེ་དངོས་གནས་ནོར་འཁྲུལ་དང་ཡང་ན་སྐྱོན་ཆ་ཡོད་པའི་གྱོད་གཞི་ལ་ཁྲིམས་ལྟར་ནོར་འཁྲུལ་ཡོ་བསྲང་དང་སྐྱོན་ཆ་དག་བཅོས་བྱ་དགོས་པར་མ་ཟད། རྒྱལ་ཁབ་ཀྱིས་སྐྱིན་ཚབ་འཇལ་དགོས་པའི་ཁོངས་སུ་གཏོགས་ན། རྒྱལ་ཁབ་ནས་སྐྱིན་ཚབ་འཇལ་བའི་འབྲེལ་ཡོད་གཏན་འཁེལ་ལྟར་བསྒྲུབ་དགོས་པ་དང་། གལ་ཏེ་ཡང་བསྐྱར་གྲོས་བསྡུར་དང་ཞིབ་བཤེར་བཅས་བྱས་ཏེ་ནོར་འཁྲུལ་མེད་ན། ཁྲིམས་ལྟར་སྔོན་གྱི་ཐག་གཅོད་སྲུང་འཛིན་བྱེད་དགོས་པར་མ་ཟད། འབྲེལ་ཡོད་གཏན་འཁེལ་ལྟར་དོ་བདག་པར་གནས་ཚུལ་གསལ་བོར་བཤད་དགོས།

    «བསམ་འཆར།»ནང་ནན་གྱིས་བསྟན་དོན། ཁྲིམས་དང་འབྲེལ་བ་ཡོད་པའི་འཕྲིན་བཅར་ཁྲིམས་ལྟར་མཇུག་བསྡུ་བའི་ལམ་ལུགས་འཛུགས་དགོས། ཀྲུང་དབྱང་སྲིད་ཁྲིམས་ལས་ཁུངས་ཀྱིས་བཟོ་བཅོས་བྱས་པའི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་སམ། ཡང་ན་དམངས་དོན་གཏུག་བཤེར་བཅའ་ཁྲིམས། དེ་མིན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་དུ། ཁྲིམས་དང་འབྲེལ་བ་ཡོད་པའི་ཡིག་སྐུར་ངོ་གཏུག་ལ་གོ་རིམ་ཡོད་པའི་སྒོ་ནས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་དགོས་པ་ལས། ཁྲིམས་དང་འབྲེལ་བ་ཡོད་ཡིག་སྐུར་ངོ་གཏུག་གི་དོན་ཚན་ལ་བཅའ་ཁྲིམས་ཀྱི་གོ་རིམ་ཡོད་པར་བྱས་ནས། ཁྲིམས་ལྟར་ཐག་གཅོད་པའི་གོ་རིམ་ལྟར་ཐག་གཅོད་དགོས་ལ། རྒྱུ་མཚན་ཞུ་འབུལ་བྱེད་པའི་དུས་ཡུན་ནང་ཡང་དང་བསྐྱར་དུ་ངོ་གཏུག་དང་རྒྱུ་མཚན་ཞུ་འབུལ། ཞིབ་བཤེར་ཐག་གཅོད། དཔྱད་ཞིབ་སོགས་ཀྱི་འགྲོ་ལུགས་བརྒྱུད་དགོས་པར་མ་ཟད། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད། ཡར་ཞུ་བྱས་པའི་གནད་དོན་དྲང་བོ་དྲང་བཞག་གིས་ཐག་བཅད་ཟིན་ན། བཅའ་ཁྲིམས་ནང་གཏན་འཁེལ་བྱས་ཡོད་པའི་གནས་ཚུལ་ལས་གཞན་ཡང་བསྐྱར་ཞིབ་བཤེར་མི་བྱེད་ལ། རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་སྡོམ་རྩིས་དང་བརྒྱུད་སྤྲོད། བརྡ་ཁྱབ་བཅས་མི་བྱེད་པར་གཙོ་བོ་ངོ་གཏུག་བྱེད་མཁན་ལ་གསལ་བཤད་དང་ཁྲིད་སྟོན་བྱེད་པའི་བྱ་བ་གང་ལེགས་ཀྱིས་བསྒྲུབ་དགོས།

    «བསམ་འཆར།»ནང་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་གཏོང་ཆེད། རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་དང་རྒྱབ་སྐྱོར་འོག  འཕྲིན་བཅར་བྱས་པའི་མང་ཚོགས་ཀྱི་བཅའ་ཁྲིམས་གནད་དོན་དང་དཀའ་ཁག་དངོས་ལ་གཅིག་གྱུར་གྱིས་ཐག་གཅོད་དགོས་པ་དང་། ཁྲིམས་སྐྱོང་གནད་དོན་གྱི་དབང་གིས་དོ་བདག་པར་གནོད་འཚེ་དང་གྱོང་གུན་བཟོས་ན། ཁྲིམས་ལྟར་ནོར་འཁྲུལ་ཡོ་བསྲང་དང་སྐྱིན་ཚབ་འཇལ་དགོས། བསམ་གཟས་ནས་གནོད་འཚེ་དང་ཡང་ན་དམངས་དོན་ཐད་ཀྱི་གནོད་འཚེ་ལ་བརྟེན་ནས་གཏུག་བཤེར་བྱས་ཏེ་སྐྱིན་ཚབ་ཐོབ་ཐབས་མེད་པའི་དབང་གིས་དོ་བདག་པའི་འཚོ་བར་དཀའ་ཁག་བཟོས་ཡང་རོགས་སྐྱོར་གཏན་འཁེལ་དང་མཐུན་པ་ཡིན་ན། དུས་ལྟར་ཁྲིམས་འཛིན་ཐད་ནས་རོགས་སྐྱོར་བྱ་དགོས་ལ། ཁྲིམས་འཛིན་ཐད་ནས་རོགས་སྐྱོར་བྱས་ཀྱང་ད་རུང་དོན་དངོས་ཀྱི་དཀའ་ཁག་ཡོད་ན། དམངས་སྲིད་ཐད་ནས་རོགས་སྐྱོར་དང་སྤྱི་ཚོགས་རོགས་སྐྱོར་སོགས་ཐབས་ལམ་ལ་བརྟེན་ནས་དོན་དངོས་ཀྱི་དཀའ་ཁག་སེལ་རོགས་དང་ཐག་གཅོད་རོགས་བྱ་དགོས།

    «བསམ་འཆར།»ནང་དུ་ཁྲིམས་སྐྱོང་བ་དང་ཁྲིམས་ལག་བསྟར་བྱེད་པའི་སྤྱིའི་ཡིད་ཆེས་སྔར་ལས་ཇེ་མཐོར་གཏོང་དགོས། རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱིས་གཟབ་ནན་སྒོས་ཁྲིམས་བཀོད་དབང་ཆ་གོ་རིམ་ཡོད་པའི་སྒོ་ནས་བསྒྲུབ་དགོས་པར་མ་ཟད། གྱོད་གཞི་རེ་རེ་བཞིན་ཐག་གཅོད་སྐབས་གོ་རིམ་ཡོད་པ་དང་དྲང་བོ་དྲང་བཞག ཚད་ལྡན་ནུས་ཐོན། ཉམས་སད་ཐེག་ཐུབ་པ་བཅས་ཡོང་བར་ཁག་ཐེག་བྱ་དགོས་ལས། ཁྲིམས་ལྟར་ནང་ཁུལ་གྱི་ལྟ་སྐུལ་ནུས་པ་ཆེ་རུ་བསྐྱེད་དེ་གྱོན་གཞི་ལག་བསྟར་བྱེད་པའི་ཁྲོད་དུ་གནས་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་པར་སྐུལ་འདེད་གཏོང་དགོས་ལ། ཁྲིམས་ལག་བསྟར་བྱས་པ་གཟབ་ནན་མིན་པ་དང་གྱོད་གཞིའི་ཐག་གཅོད་དྲང་བཞག་མིན་པ་སོགས་ཁྲིམས་འགལ་གནད་དོན་འབུར་ཐོན་ཅན་ལ། ཆེད་དམིགས་ཀྱིས་དག་ཐེར་བྱེད་པར་རྩ་འཛུགས་བྱེད་དགོས་པ་དང་། ཁྲིམས་ལག་བསྟར་དང་ཁྲིམས་སྐྱོང་གི་འགན་འཁྲི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་ཀྱིས། མི་ཚེ་ཧྲིལ་བོར་གྱོད་གཞིའི་སྤུས་ཚད་ཇེ་མཐོར་གཏོང་བའི་འགན་ཁུར་ལམ་ལུགས་དངོས་འབེབས་ནན་མོ་དང་། ཁྲིམས་འཛིན་ཐད་ནས་ནོར་འཁྲུལ་བྱུང་ན་བརྟག་དཔྱད་དང་འགན་འཁྲི་རྩད་གཅོད་བཅས་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། ཁྲིམས་ལྟར་གྱོད་གཞི་ལག་བསྟར་བྱེད་པའི་ཁྲོད་གནས་པའི་གནད་དོན་གྱི་འབྱུང་རྐྱེན་དང་འགན་འཁྲི་ལ་ཡང་བསྐྱར་ཞིབ་བཤེར་གཟབ་ནན་དང། ནོར་འཁྲུལ་བྱུང་བའི་གྱོད་གཞི་ཐད་ནས་ཁྲིམས་སྐྱོང་དྲང་བཞག་མིན་པ་དང་མངོན་གསལ་མིན་པ་སོགས་ཀྱི་གནད་དོན་བྱུང་ན། གཟབ་ནན་སྒོས་ཞིབ་བཤེར་རྩད་གཅོད་བྱ་དགོས་པ་དང་། ཤུགས་ཆེན་པོས་ཁྲིམས་དྲིལ་སྒྲོག་དང་མང་ཚོགས་ཟབ་ཞུགས་བྱེད་ཚད་རྒྱ་ཆེ་རུ་བསྐྱེད་པ། མང་ཚོགས་ཀྱིས་ལྟ་སྐུལ་དང་ལེན་བྱེད་པ་བཅས་ཀྱིས་ཁྲིམས་དང་འབྲེལ་བའི་འཕྲིན་བཅར་གྱི་དོན་རྐྱེན་ཁྲིམས་ལྟར་ཐག་གཅོད་པའི་ནང་དོན་གལ་ཆེན་དུ་བཞག་ནས། སྤྱི་ཡོངས་ནས་དྲང་བཞག་ཡོང་བར་ཁག་ཐེག་བྱེད་པའི་ཐད་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

    «བསམ་འཆར།»ནང་ནན་གྱིས་བསྟན་དོན། འཕྲིན་བཅར་ཐད་ཀྱི་བྱེད་ཐབས་གང་ལེགས་སྤྱོད་དགོས་ལ། རིམ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱིས་འདུ་ཤེས་བསྒྱུར་ཏེ། ཁྲིམས་དང་འབྲེལ་བའི་ཡིག་སྐུར་ངོ་གཏུག་གི་བྱ་བ་གང་ལེགས་སྒོས་བསྒྲུབ་པ་དང་། མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ། ཁྲིམས་སྐྱོང་འདུ་ཤེས་ལེགས་བཅོས་བྱེད་པའི་ཐབས་ལམ་ནུས་ལྡན་སྤྱོད་དགོས་པ་ལས། ཁྲིམས་ལྟར་ཐག་གཅོད་པའི་བྱ་བ་སྔར་ལས་ཚད་དུ་བཏང་ནས། རྒྱུན་ལྡན་གྱི་ཞུ་གཏུག་བྱེད་མཁན་ལ་བཀག་འགོག་བྱེད་པའི་ནོར་འཁྲུལ་ཡོད་ཚད་དང་། དེའི་མི་ལུས་རང་དབང་ལ་ཁྲིམས་འགལ་གྱིས་ཚོད་འཛིན་དང་ངོ་བོ་བསྒྱུར་བའི་བྱ་སྤྱོད་ཡོད་ཚད་མཐའ་གཅིག་ཏུ་གཏན་འགོག་བྱ་དགོས་པ་དང་། སྲིད་ཁྲིམས་ལས་ཁུངས་ཀྱི་མགོ་ཁྲིད་པས་ཞུ་གཏུག་བྱེད་པར་ཡོང་བའི་མང་ཚོགས་ལ་སྣེ་ལེན་སྒོས་ཞུ་གཏུག་ཡི་གེ་ཀློག་པའི་ལམ་ལུགས་རྒྱུན་འཁྱོངས་བྱ་དགོས་ལ། ཆེད་དུ་ཁ་པར་གཏོང་བ་དང་དྲ་ཐོག་ནས་འཕྲིན་བཅར་བྱེད་པ། བརྙན་རིས་ཀྱི་སྟེང་ནས་ངོ་གཏུག་བྱེད་པ་སོགས་དང་དུ་བླང་ནས་དམིགས་བསལ་གྱིས་བྱེད་ཐབས་སྤྱད་དེ། ཡི་གེ་བསྐུར་ནས་ཞུ་གཏུག་དང་དྲ་ཐོག་ནས་ཞུ་གཏུག་བྱེད་པ། ཁ་པར་གྱི་སྟེང་ནས་ངོ་གཏུག་བྱེད་པ་སོགས་གཞི་གཅིག་ཏུ་འདྲེས་པའི་ཞུ་གཏུག་དྲ་རྒྱ་འཐུས་ཚང་དུ་གཏོང་བ་བཅས་ཀྱིས། མང་ཚོགས་ཀྱིས་ཁྲིམས་དང་འབྲེལ་བའི་འཕྲིན་བཅར་གྱི་གནས་ཚུལ་ཡར་ཞུ་བྱེད་པར་སྟབས་བདེ་སྟེགས་བུ་འདོན་སྤྲོད་བྱས་ནས། མང་ཚོགས་ཀྱི་འཕྲིན་བཅར་གྱི་བྱ་སྤྱོད་ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ་དང་། ཞུ་གཏུག་བྱེད་མཁན་ལ་སྣེ་ཁྲིད་སྒོས་ཁྲིམས་ལྟར་རང་ཚོད་ཡོད་པའི་སྒོ་ནས་རང་ཉིད་ཀྱི་ཞུ་གཏུག་རེ་བ་འགྲུབ་པར་བྱ་དགོས་ལས། ཁྲིམས་དང་འགལ་ནས་ཞུ་གཏུག་བྱེད་པའི་བྱ་སྤྱོད་ལ་གཟབ་ནན་སྒོས་ཐག་གཅོད་བྱ་དགོས།

    «བསམ་འཆར།»ནང་ནན་གྱིས་བསྟན་དོན། མགོ་ཁྲིད་པའི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་དང་འབྲེལ་བའི་འཕྲིན་བཅར་དོན་རྐྱེན་ཁྲིམས་ལྟར་ཐག་གཅོད་བྱེད་པའི་ཁྲོད་ཀྱི་འགན་ནུས་སྔར་ལས་གཏན་འཁེལ་གསལ་བོ་བྱེད་དགོས་པ་དང་། དེའི་ཐད་ནས་གཙོ་བོ་སྲིད་ཇུས་ཀྱིས་ཁྲིད་སྟོན་དང་ཁྲིམས་སྐྱོང་ལྟ་སྐུལ། སྤྱི་ཡོངས་ནས་མཐུན་སྦྱོར་བྱེད་པ་སོགས་ཀྱི་བྱ་བ་དམ་འཛིན་བྱ་དགོས་ལ། ཁྲིམས་དང་འབྲེལ་བའི་འཕྲིན་བཅར་གྱི་དོན་རྐྱེན་ལ་ཁྲིམས་ལྟར་ཐག་གཅོད་པར་གཙོ་འགན་འཁུར་བའི་རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱིས། བྱ་བའི་འགན་ནུས་ལེགས་བཅོས་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ། བྱ་བའི་འགན་འཁྲི་གཟབ་ནན་གྱིས་དངོས་འབེབས་བྱེད་པ་བཅས་བྱས་ཏེ། སྲིད་ཁྲིམས་ཉེན་རྟོག་པས་ཁྲིམས་དང་འབྲེལ་བའི་འཕྲིན་བཅར་གྱི་དོན་རྐྱེན་ཁྲིམས་ལྟར་ཐག་གཅོད་པའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཁྲིམས་སྐྱོང་གི་འདུ་ཤེས་སྔར་ལས་ལེགས་བཅོས། མང་ཚོགས་ཀྱི་བྱ་བའི་ནུས་པ་ཇེ་མཐོར་གཏོང་བ་བཅས་བྱེད་དགོས་པར་མ་ཟད། ཚད་དང་མཐུན་ཞིང་དྲང་བཞག་ཡིན་པ། དཔལ་ཡོན་ལྡན་པ། སྤྱོད་གཙང་རང་གཅུན་བཅས་ཀྱིས་ཁྲིམས་ལག་བསྟར་བྱ་དགོས་ལ། ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་ཞིབ་བྱེད་པའི་དམིགས་ཚད་མ་ལག་འཛུགས་པར་འཐུས་ཚང་དུ་བཏང་ནས། སྟབས་བདེ་ཞིང་འཕྲིན་བཅར་གྱི་གྲངས་འབོར་གཙོ་བོར་འཛིན་པའི་དཔྱད་ཞིབ་བྱེད་ཐབས་བསྒྱུར་དགོས་པ་དང་། གོ་རིམ་མང་ཞིང་ཐག་གཅོད་མི་ཐུབ་པ་དང་ཚོད་འཛིན་ཞི་ལྷོད་དུ་གཏོང་མི་ཐུབ་པའི་འགྲོ་ཕྱོགས་དེ་མཐའ་གཅིག་ཏུ་ཡོ་བསྲང་བྱས་ཏེ། སྲིད་ཁྲིམས་ཉེན་རྟོག་པས་དུས་རྒྱུན་དུ་ཁྲིམས་ལག་བསྟར་བྱེད་པའི་ཁྲོད་དུ་ཁྲིམས་དང་འབྲེལ་བའི་འཕྲིན་བཅར་གྱི་གྱོད་གཞི་རང་རྟོགས་སྒོས་སྔོན་འགོག་དང་རང་འགུལ་སྒོས་ཞི་ལྷོད་དུ་གཏོང་བར་ཁྲིད་སྟོན་བྱ་དགོས།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1