མཛོད་དགེ་རྫོང་གི་བུད་མེད་མི་གྲངས་ཁྲི་གཅིག་ལྷག་ལ་ཡོངས་ཁྱབ་ཏུ་རིན་པ་མི་དགོས་པའི་སྨན་བཅོས་བརྟག་དཔྱད་བྱས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-14


    2014ལོའི་སྤྱི་ཟླ་11པའི་ཚེས་12ཉིན། ཏེ་དབྱང་གྲོང་ཁྱེར་གྱི་རོགས་སྐྱོར་འོག མཛོད་དགེ་རྫོང་གི་སྨན་པ་ཚོས་རྫོང་དེའི་ཨ་སྐྱིད་ཞང་གི་བོད་རིགས་བུད་མེད་རྣམས་ལ་ལུས་པོ་བརྟག་དཔྱད་བྱེད་བཞིན་འདུག 2013ལོ་ནས་བཟུང་། ཏེ་དབྱང་གྲོང་ཁྱེར་གྱིས་མཛོད་དགེ་རྫོང་གི་སྨན་བཅོས་མི་སྣར་རོགས་སྐྱོར་བྱས་ཏེ་རྩྭ་ཐང་གི་ཨ་མར་གཟིགས་སྐྱོང་བྱེད་པ་ཞེས་པའི་བྱ་འགུལ་སྤེལ། ཁོང་ཚོའི་འོས་འགན་ནི་རྫོང་ཡོངས་ཀྱི་ཞིང་གྲོང་གི་བུད་མེད་མི་གྲངས་14300ཡི་ལུས་པོའི་བདེ་ཐང་ལ་བརྟག་དཔྱད་བྱས་ཏེ། བུད་མེད་རྣམས་ཀྱི་བདེ་ཐང་གི་གནས་ཚུལ་ལ་གཟིགས་སྐྱོང་བྱ་རྒྱུ་དེ་རེད། མིག་སྔར། ལུས་པོ་བརྟག་དཔྱད་ཀྱི་ལས་ཀ་ཡོངས་སུ་འགྲུབ་ཡོད་ནའང་སྨན་བཅོས་མི་སྣས་ད་དུང་དུས་ཚོད་ངེས་མེད་དུ་བསྐྱར་ཞིབ་སྨན་བཅོས་བྱེད་བཞིན་འདུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1