ཟི་ལིང་གྲོང་ཁྱེར་ལྷོ་ཕྱོགས་ཁྲོམ་ལམ་ཆེ་མོའི་ལམ་ངོས་རྡིབ་པའི་དོན་རྐྱེན་ནང་གར་སོང་ཆ་མེད་དུ་གྱུར་མཁན་མི་10ཡི་བར་མང་དུ་ཕྱིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-15


  ཟླ་1ཚེས་14ཉིན་གྱི་ཐོ་རེངས་ཆུ་ཚོད་3དང་སྐར་མ་15ཡི་ཐོག  ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་དང་ཟི་ལིང་གྲོང་ཁྱེར་བབ་བསྟུན་དོ་དམ་ཅུས་ཀྱིས་མཉམ་འབྲེལ་ཐོག་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་དང་།  ལྷོ་ཕྱོགས་ཁྲོམ་ལམ་ཆེ་མོའི་ཁྲང་ཁྲེང་སྨན་ཁང་གི་སྒོའི་མདུན་གྱི་ལམ་ངོས་རྡིབ་པའི་དོན་རྐྱེན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་རེད།
   མིག་སྔའི་བར། ཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད། དོན་རྐྱེན་ནང་གར་སོང་ཆ་མེད་དུ་གྱུར་མཁན་མི་2ནས་མི་10བར་མང་དུ་ཕྱིན་ཡོད་ཅིང་། རོགས་སྐྱོབ་དང་། འཚོལ་ཞིབ་སོགས་ཀྱི་ལས་ཀ་སྒྲུབ་བཞིན་ཡོད་པ་རེད། 

   མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་རྨས་སྐྱོན་ཕོག་པའི་མི་15ལ་སྨན་བཅོས་བྱེད་བཞིན་ཡོད། (དེའི་ནང་གི་གསར་དུ་འཕར་བའི་མི་2ནི་ཁྱིམ་དུ་ལོག་རྗེས་མི་བདེ་བ་བྱུང་བས། ཁྱིམ་མིའི་རོགས་རམ་འོག་སྔ་རྗེས་སུ་སྨན་ཁང་དུ་བརྟག་དཔྱད་བྱེད་པར་སླེབས་ཡོད་)  མིག་སྔར། སྨན་ཁང་དུ་ཉར་བའི་རྨས་སྐྱོན་ཕོག་པའི་མི་སྣ་ཚང་མ་དང་སྨན་ཁང་དུ་ལྟ་དཔྱད་བྱེད་མཁན་རྨས་སྐྱོན་ཕོག་པའི་མི་སྣའི་ནད་གཞིའི་གནས་ཚུལ་བརྟན་པོ་ཡོད་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1