ཚོང་འདུས་དམངས་ཕན་བྱ་སྤྱོད་ཀྱིས།མང་ཚོགས་རྣམས་ལ་ཕན་བདེ་བསྐྲུན།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-16



 

ཚོང་འདུས་དམངས་ཕན་བྱ་སྤྱོད་ཀྱིས།མང་ཚོགས་རྣམས་ལ་ཕན་བདེ་བསྐྲུན།

    འཛད་སྤྱོད་དབུལ་སྐྱོར་གྱིས་དབུལ་ཐར་འགག་སྒྲོལ་ལ་རམ་འདེགས་ལག་ལེན་དོན་འཁྱོལ་དང་། རྫོང་ཡོངས་ཀྱིཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་འཆངཞེས་པའི་གཙོ་དོན་སློབ་གསོ་དང་ཟུང་འབྲེལ་བྱ་ཆེད། ཉེ་ཆར། དཀར་མཛེས་ཁུལ་ཚོང་དོན་མཉམ་ལས་ཅུས་དང་། ཀྲུང་གུང་གསེར་ཐར་རྫོང་ཨུ། རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་ཤིང་། རྫོང་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་མཉམ་ལས་ཅུས། སྙི་སྟོད་གྲོང་རྡལ་མི་དམངས་སྲིད་གཞུང་བཅས་ཀྱིས་སྒྲུབ་འགན་འཁུར་བའིའཛད་སྤྱོད་དབུལ་སྐྱོར། ཚོང་འདུས་དམངས་ཕནགྱི་བྱེད་སྒོ་དེ་སྙི་སྟོད་གྲོང་རྡལ་དུ་སྤེལ་བ་རེད།

     ཞོགས་པའི་ཆུ་ཚོད10པའི་ཐོག་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་སྦྲགས་རྫོང་ཨུའི་རྒྱུན་ལས་སྐལ་བཟང་རྡོ་རྗེས་ཤིས་ཚིག་གནང་ཞིང་། ཉིན་དེར་གནམ་གཤིས་གྲང་ངར་ཆེ་ཡང་མང་ཚོགས་ཀྱི་སྤྲོ་སེམས་སྔར་བཞིན་ཡལ་མི་འདུག་པས་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པོ་ཡིན་པ་རེད། ཞབས་ཞུའི་སྒེའུ་ཁུང་དག་རིམ་གྱིས་སྒོ་མོ་ཕྱེ་བ་དང་སྦྲགས། སྙི་སྟོད་གྲོང་རྡལ་གྱི་མང་ཚོགས་ཆིག་སྟོང་ལྷག་ཙམ་ཚོང་རར་འདུས་པ་དང་། འབྲོག་པ་ཚོས་གོ་རིམ་ལྡན་པའི་ངང་རང་རང་ལ་མཁོ་བའི་དངོས་ཟོག་ཉོ་སྒྲུབ་བྱས། རྫོང་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་མཉམ་ལས་ཅུས་ཀྱི་ཅུས་ཀྲང་ཕུའུ་ཞའོ་ཧུའེ་ཡིས་ལས་ཀའི་བཀོད་སྒྲིག་ལ་བྲེལ་ཞོར། གསར་འགོད་པར“རིམ་པ་ཁག་ལ་ནོར་འཛོལ་མི་ཡོང་བར་ཁག་ཐེག་བྱ་ཆེད། ང་ཚོའི་ལས་དོན་མི་སྣས་ཁ་སང་ནས་ཚོང་ཟོག་དང་མཚོན་རྟགས་ཚང་མ་བཀོད་སྒྲིག་གནད་ལ་འཁེལ་བ་ཞིག་བྱས་ཡོད” ཅེས་བརྗོད།

འབྲོག་པ་ནོར་བུས་གདོང་ལ་འཛུམ་གྱིས་ཁེངས་ནས་ཟོག་ཤ་རྒྱ་མ་གང་རེར་སྒོར16དང་འབྲས་རྒྱ་མ་གང་རེར་སྒོར1.25 པད་ཚལ་རྒྱ་མ་གང་རེར་སྒོར1 མི་ནག་རྟགས་ཅན་གྱི་སོ་སྨན་རེར་སྒོར6 གློག་གི་སླ་ང་ལ་སྒོར85 ཚོད་དཀར་རྒྱ་མ་གང་རེར་སྒོར1 ཀུ་ཤུ་རྒྱ་མ་གང་རེར་སྒོར2སོགས་དངོས་པོ་ཚང་མའི་གོང་ཕྱེད་ཀ་ཕབ་འདུག དངོས་པོ་དེ་དག་གི་སྤུས་ཀ་ཡང་ལེགས་པོ་འདུག སྲིད་ཇུས་བཟང་པོས་ང་ཚོའི་འབྲོག་པ་མང་ཚོགས་ལ་དངོས་ནས་ཕན་ཆེན་པོ་ཐོགས་བྱུང་ཞེས་བཤད།

      བྱེད་སྒོའི་ཡུལ་དངོས་སུ། རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་དང་། འབྲུ་སྣུམ། ཤ་རིགས། སྔོ་ཚལ། གྱོན་ཆས། ཤིང་ཏོག ཟས་རིགས་སོགས་རིགས་བདུན་གྱི་ཚོང་ཟོག་སྣ་ཁ114ལྷག་ཙམ་ཡོད་ཅིང་། སྤུས་ལེགས་གོང་ཁེ་དང་ཁྲོམ་ར་འཁྲུག་ཆ་དོད་པོ་ཡོང་ཆེད། རྫོང་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་མཉམ་ལས་ཅུས། སྙི་སྟོད་གྲོང་རྡལ་ཏང་ཨུ་སྲིད་གཞུང་བཅས་ཀྱིས་ཐོན་རྫས་སྤུས་ཚད་ཐད་ནས་ལྟ་རྟོག་ནན་པོ་བྱས་ཏེ་རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་ལ་རྡུང་རྡེག་ནན་པོ་བཏང་བ་རེད། བྱེད་སྒོ་རུ“སྲིད་གཞུང་གིས་ཁ་གསབ་སྤྲོད་པ་དང་། ཁེ་ལས་ཀྱིས་ཁེ་བཟང་སྤྲོད་པ། མང་ཚོགས་ལ་ཕན་པ་ཐོབ་པ”བཅས་ཀྱི་རྩ་དོན་གཞིར་བཟུང་ནས། ཚོང་ཟོག་ཚང་མར་རིན་གོང་བརྒྱ་ཆ་ལྔ་རུ་ཕབ་ནས་བཙོང་གིན་ཡོད་པས། ཚོང་ཟོག་གི་སྤུས་ཚད་འགན་ལེན་ཐུབ་པར་མ་ཟད། རིན་གོང་ཡང་དམའ་ཤོས་སུ་བཞག་སྟེ་ཐག་རིང་འབྲོག་ཁུལ་གྱི་མང་ཚོགས་ཚོས་གོང་ཁེ་ལ་སྤུས་ཀ་ལེགས་པའི་ཚོང་ཟོག་ཉོ་ཐུབ་ཀྱི་ཡོད། སྔ་དྲོའི་ཆུ་ཚོད་བཅུ་གཉིས་ལྷག་ཙམ་ལ་ཚོང་འདུས་ཐོག་མི་ཚོགས་ཆེས་མང་བའི་དུས་སུ་སླེབས་ཤིང་། དངུལ་ལེན་སྟེགས་བུ་སོ་སོའི་མདུན་དུ་གྲལ་རིང་བསྒྲིགས་ཟིན། ཕུའུ་ཞའོ་ཧུའེ་ཡིས“ཏག་ཏག་ཆུ་ཚོད་གཉིས་དང་ཕྱེད་ཀ་འགོར་རྗེས། ཚོང་ཟོག་ཚང་མ་གཅིག་ཀྱང་མ་ལུས་པར་ཉོས་ཚར“སོང་ཞེས་བཤད།

      སྙི་སྟོད་གྲོང་རྡལ་ནི་གསེར་ཐར་རྫོང་མཁར་དང་བར་ཐག་སྤྱི་ལེ130ལྷག་ཡོད་ཅིང་། རིན་གོང་བདེ་ཞིང་སྤུས་ཀ་ལེགས་པའི“ལོ་གསར་གྱི་མཁོ་ཆས”དང་དེ་མིན་དངོས་ཟོག་སྒོ་འགྲམ་དུ་སྐྱེལ་བའི་གཟིགས་སྐྱོང་ཕན་བདེའི་བྱ་ཐབས་ཀྱིས་འབྲོག་པ་མང་ཚོགས་ལ་སེམས་འགུལ་ཆེན་པོ་ཐེབས། མང་ཚོགས་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་མཐེ་བོང་བསྒྲེངས་ནས་དུས་ཚོད་འདིའི་རིང་གང་སར་གངས་འཁྱག་གིས་བསྡམས་པས་ཚང་མ་ཐག་རིང་དུ་འགྲོ་འདོད་མེད་མོད། འོན་ཀྱང“འཛད་སྤྱོད་དབུལ་སྐྱོར་དང་ཚོང་འདུས་དམངས་ཕན”གྱི་བྱེད་སྒོ་སྤེལ་བ་དེས། འདི་འདྲའི་གྲང་ངར་ཆེ་བའི་ཉིན་ལ་ཚོང་ཟོག་ང་ཚོའི་སྒོ་འགྲམ་དུ་བསྐྱལ་བར་མ་ཟད། རིན་གོང་ཡང་ཧ་ཅང་དམའ་བ་དང་དགུན་སྐྱེལ་དངོས་ཟོག་ཀྱང་འཕྲུལ་རྟ་བཞོན་ནས་སྤྱི་ལེ130ཡི་ཕྱི་རོལ་གྱི་རྫོང་མཁར་དུ་ཉོ་རུ་འགྲོ་མ་དགོས་པས། ང་ཚོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་འཚོ་བ་སྔར་བས་ཇེ་ལེགས་སུ་འགྲོ་རྒྱུར་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད།

     ད་ཐེངས་ཀྱི་བྱེད་སྒོར་ཁྱོན་དངོས་ཟོག་ཁྲི26གྲབས་གསོག་བྱས་པ་དང་། སྲིད་གཞུང་གིས་ཁ་གསབ་བརྒྱ་ཆ50སྤྲད་པ་ཚང་མ་རིན་གོང་ཕྱེད་ཀ་ལྟར་མང་ཚོགས་ལ་བཙོངས་པ་དང་། ཐོན་རྫས་ཀྱི་སྣ་ཁ་ཕུན་སུམ་ཚོགས་པས། མང་ཚོགས1200ལྷག་ཙམ་གྱི་ཡིད་ཚིམས་པར་གྱུར། ཚོང་ཟོག་ཁྱོན9857བཙོངས་པས། ཐག་རིང་ལུང་ཁུག་གི་མང་ཚོགས་རྣམས་ཀྱིས་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་དངོས་སུ་ཚོར་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1