དཀར་མཛེས་ཁུལ་རོང་བྲག་རྫོང་ལ་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་ཞིང་གྲོང་ཡུལ་སྐོར་གྱི་དམིགས་འབེན་ས་ཆ་ཞེས་པའི་མཚན་སྙན་ཐོབ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-18


             ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་ཞིང་གྲོང་དང་ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲོང་སྡེ་མིང་གྲགས་ཅན།  དེ་བཞིན་ཀྲུང་གོའི་མཛེས་ལྗོངས་ཀྱི་གྲོང་སྡེ་ཞེས་པའི་མཚན་སྙན་ཐོགས་ཡོད་པ་ནི་རོང་བྲག་ཡིན་ཏེ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གྲོག་རོང་དུ་ཆགས་པའི་གྲོང་རྡལ་ཆུང་ཆུང་འདི་ཡི་དམིགས་བསལ་གྱི་རང་བྱུང་ཐོན་ཁུངས་དང་། མིས་བཟོས་ཡུལ་ལྗོངས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་ཡུལ་སྐོར་སྐུ་མགྲོན་མང་པོ་ཞིག་གི་ཡིད་བཀུག་པའི་དུས་མཚུངས་སུ། ས་རྒྱུས་ལེགས་ཆ་བེད་སྤྱོད་བྱས་ཏེ། ཞིང་གྲོང་གི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་བྱེད་ཤུགས་ཆེ་རུ་གཏོང་བ། ཞང་དང་གྲོང་རྡལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་བྱས་ཏེ། སྲུང་སྐྱོང་རང་བཞིན་གྱི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་ཤིག་སྒོ་འབྱེད་བྱས་ཡོད།

              ཉེ་ཆར། གསར་འགོད་པས་རོང་བྲག་གི་ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་ཚུལ་སྐོར་རོང་བྲག་རྫོང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ནོར་བུ་རྒྱལ་ཐར་ལ་བཅར་འདྲི་བྱས་ཤིང་། གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། རོང་བྲག་གི་ཡུལ་སྐོར་བ་མང་ཆེ་བ་ནི་སྒེར་གྱི་རླངས་འཁོར་བསྐོར་ནས་ཡོང་མཁན་ཡིན་ལ། གཙོ་བོ་བོད་སྡེ་སོགས་ཀྱི་ས་གནས་ཁག་ཡིན་ལ། ཕྱོགས་བསྡོམས་བྱས་པར་གཞིགས་ན། ད་ལོར་རོང་བྲག་གི་ཡུལ་སྐོར་བ་ཆེས་མང་བའི་གཟའ་འཁོར་གཅིག་གི་ནང་དུ་འགྲུལ་བ་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་5ཡས་མས་ཟིན་ཡོད་འདུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1