ཀྲུང་ཨའི་རིམ་པ་དང་པོའི་དཔལ་འབྱོར་ཉོ་ཚོང་གྲོས་མཐུན་གྱིས་འཛམ་གླིང་དཔལ་འབྱོར་གྱི་གཏན་འཁེལ་མིན་པའི་རང་བཞིན་ཇེ་ཆུང་དུ་བཏང་ཡོད་ཟེར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-21


    ཟླ་1ཚེས་17ཉིན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་(IMF)ཀྱི་སྤྱི་འདོམས་གྷི་ཨོར་ཅི་ཡེ་ཝས་ཨ་རིའི་ཝ་ཧྲིན་ཐོན་གྱི་པའོ་དེ་སན་རྒྱལ་སྤྱིའི་དཔལ་འབྱོར་ཞིབ་འཇུག་ཁང་ནས་གཏམ་བཤད་སྤེལ་བཞིན་པ།
    རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་(IMF)ཀྱི་སྤྱི་འདོམས་གྷི་ཨོར་ཅི་ཡེ་ཝས་ཚེས་17ཉིན་བསྟན་དོན། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་དུས་རིམ་དང་པོའི་དཔལ་འབྱོར་གྲོས་མཐུན་ལ་མིང་རྟགས་བཀོད་པ་ནི་དགའ་བསུ་ཞུ་འོས་པའི་བརྡ་རྟགས་ཤིག་ཡིན་པ་དང་། དེས་འཛམ་གླིང་དཔལ་འབྱོར་འཕར་བར་གནོད་པའི་གཏན་འཁེལ་རང་བཞིན་མིན་པའི་ཚད་ཇེ་ཆུང་དུ་བཏང་ཡོད་ཅིང་། ཁོ་མོས་ད་ལོའི་འཛམ་གླིང་དཔལ་འབྱོར་འཕར་ཚད་སྔོན་རྩིས་བྱས་ན་ཡར་འཕར་སྲིད་པ་ཟུར་སྟོན་བྱས་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1