ཁྲེན་ཏུའུ་གྲོང་ཁྱེར་དང་ཀོང་ཨན་གྲོང་ཁྱེར་སོ་སོར་ནང་འདྲེན་ལྟ་ཞིབ་ཀྱི་ནད་དཔེ་རེ་བྱུང་ཡོད་ཅིང་། ཕེང་ཆིང་ཧྭ་ཡིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཤུགས་མི་འདང་བའི་དབང་གིས་རིམས་ནད་མཆེད་པའི་གནས་ཚུལ་གཏན་འགོག་དགོས་པར་བསྟན།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-21



ཕེང་ཆིང་ཧྭ་ཡིས་གྲོང་ཁྱེར་(ཁུལ་)དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འགན་ཁུར་པ་གཙོ་བོའི་ཆེད་དོན་ཚོགས་འདུའི་ཐོག

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་དང་།

ནུས་ཤུགས་ཡོད་རྒུས་དཔེ་གསར་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་རིམས་ནད་སྔོན་འགོག་ལས་དོན་ལེགས་པོར་བསྒྲུབ་དགོས་པ་བསྟན།

        ཉེ་ཆར།  ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་སོགས་ས་ཁུལ་མང་པོར་དཔེ་གསར་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་རིམས་ནད་བྱུང་ཡོད།  རིམས་ནད་དེ་བྱུང་རྗེས།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ཨང་དང་པོར་བརྩིས་ཏེ།  རིམས་ནད་མཆེད་པར་མཐའ་གཅིག་ཏུ་སྔོན་འགོག་དགོས་ཚུལ་ནན་གསུང་གནང་བ་རེད།  ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་ནས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་པ་རེད།  

        སྤྱི་ཟླ་དང་པོའི་ཚེས་20ཉིན།  ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གྲོང་ཁྱེར་(ཁུལ་)དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འགན་ཁུར་པ་གཙོ་བོའི་ཆེད་དོན་ཚོགས་འདུ་འཚོགས་པ་དང་ཞིང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་རང་རེའི་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་བྱས་པ་རེད།  ཁོང་གིས་མིག་སྔར་རང་རེའི་ཞིང་ཆེན་གྱི་ཁྲེན་ཏུའུ་གྲོང་ཁྱེར་དང་ཀོང་ཨན་གྲོང་ཁྱེར་སོ་སོར་ནང་འདྲེན་ལྟ་ཞིབ་ཀྱི་ནད་དཔེ་རེ་བྱུང་ཡོད།  ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་མིག་སྔའི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་།  སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པའི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་ལས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཤུགས་མི་འདང་བའི་དབང་གིས་རིམས་ནད་མཆེད་པའི་གནས་ཚུལ་གཏན་འགོག་བྱ་དགོས།  ཚན་རིག་དང་མཐུན་པའི་སྒོ་ནས་ཁ་གཏད་གཅོག་པ་དང་།  འགོག་བཅོས་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ།  རྒྱལ་ཁབ་ཀྱི་སྔོན་འགོག་ཚོད་འཛིན་ཇུས་གཞི་དང་སྨན་བཅོས་ཕྱོགས་སྟོན་དོན་འཁྱོལ་ནན་པོ་བྱེད་པ།  རིམས་ནད་མཆེད་པ་ལ་གཞིགས་ནས་མཉམ་འགོག་མཉམ་བཅོས་ལམ་སྲོལ་དུས་ཐོག་ཏུ་ལག་ལེན་བསྟར་ནས་སྔོན་འགོག་ཚོད་འཛིན་ནུས་ལྡན་དང་སྨན་བཅོས་ནུས་ལྡན་ཡོང་བར་འགན་ལེན་བྱ་དགོས།  འགན་འཁྲི་དོན་འཁྱོལ་བྱས་ཏེ་གནས་སྲུང་གི་འགན་འཁྲི་ཡོད་པ་དང་གནས་སྲུང་གི་འགན་འཁྲི་གཙང་སྒྲུབ་བྱེད་པ་རྒྱུན་འཁྱོངས་བྱས་ནས་ཞིང་ཆེན་དང་གྲོང་ཁྱེར།  རྫོང་བཅས་རིམ་པ་གསུམ་པ་དང་དེ་བཞིན་འབྲེལ་ཡོད་ས་ཁུལ་དང་མཉམ་འགུལ་སྔོན་འགོག་ཚོད་འཛིན་གྱི་ཇུས་གཞི་འགོད་པ་དང་།  རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་མཛུབ་སྟོན་དང་རྒྱབ་སྐྱོར་འོག་ཁྲིམས་ལྟར་རིམས་ནད་ཐག་གཅོད་ཚད་ལྡན་ཡོང་བ་བྱ་དགོས།  འགན་སྲུང་གནད་དུ་འཁེལ་བ་བྱ་དགོས།  རང་རེའི་ཞིང་ཆེན་དུ་ཉེ་དུས་ཕ་ཡུལ་དུ་ལོག་པའི་མི་སྣ་མང་བའི་ཁྱད་ཆོས་ལ་དམིགས་ནས་མི་སྣ་དང་།  གནས་ཡུལ།  སྒྲིག་ཆས།  སྨན་རྫས།  མ་དངུལ་སོགས་ཀྱི་ཐད་ནས་རིམས་ནད་མཆེད་པར་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱ་དགོས་པ་དང་།  སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་ཀྱི་ཆ་རྐྱེན་དང་ནུས་པ་ལྡན་དགོས་ཤིང་།  སྨན་བཅོས་མི་སྣས་རང་ངོས་ཀྱི་བདེ་འཇགས་འགོག་སྲུང་ལ་ཤུགས་སྣོན་བརྒྱག་དགོས།  སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱེད་པ།  འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་དྲིལ་བསྒྲགས།  འགྲེལ་བཤད་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་།  རིམས་ནད་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པ།  མང་ཚོགས་ཀྱི་དོ་ཁུར་ལ་ལན་འདེབས་པ།  སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་འགན་ལེན་བཅས་བྱས་ནས་མི་དམངས་མང་ཚོགས་ལ་བརྟན་ལྷིང་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་ཐུབ་པར་འགན་ལེན་བྱ་དགོས་ཞེས་བཏོན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1