རྔ་བ་ཁུལ་བོད་སྨན་ཁང་གིས་ལས་རེས་པ་ཚོར་སྨན་ཐང་བསྐྱལ།

ཨོ་རྒྱན་བཀྲ་ཤིས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 02-02


          ཟླ་2ཚེས་2ཉིན། རྔ་བ་ཁུལ་བོད་སྨན་ཁང་གི་སྨན་པ་ཚོས་རང་གིས་བཟོས་པའི་ནད་དུག་སྔོན་འགོག་གི་བྱེད་ནུས་ལྡན་པའི་སྨན་ཐང་འབར་ཁམས་གྲོང་ཁྱེར་གྱི་ལས་རེས་ས་ཚིགས་གཉིས་སུ་བསྐྱལ་ཏེ་ཁོ་ཚོའི་ལྷད་མེད་ཀྱི་བརྩེ་སེམས་མཚོན་ཡོད། 

          རྒྱུས་ལོན་པ་ལྟར་ན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འདི་བྱུང་རྗེས། རྔ་བ་ཁུལ་བོད་སྨན་ཁང་གིས་དུས་ཐོག་ཏུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་ནད་བརྟག་སྨན་བཅོས་ཚོ་ཆུང་བཙུགས་ཤིང་། ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད། བོད་སྨན་ཁང་གི་སྨན་པ་ཚོས་ནད་དུག་སྔོན་འགོག་གི་བྱེད་ནུས་ལྡན་པའི་ནོར་སྲོ་ཐང་(ནོར་བུ་བདུན་ཐང་། + སྲོ་ལོ་བདུན་ཐང་བསྣན་པ། )གསར་བཟོ་བྱས་ཡོད། བོད་སྨན་ཁང་གི་ཡོན་ཀྲང་བཀྲ་ཤིས་དོན་འགྲུབ་ཀྱིས་གསར་འགོད་པར། ལས་རེས་ས་ཚིགས་ཀྱི་ལས་བྱེད་པ་དག་ལ་དཀའ་ཚེགས་ཧ་ཅང་ཆེ། ཁོང་ཚོར་སྨན་ཐང་འདི་བསྐྱལ་བས་ཁོང་ཚོའི་ནང་སེམས་ལ་དྲོད་ཁོལ་རེ་སྦྱིན་ཐུབ་པའི་སྨོན་འདུན་ཞུ་ཞེས་ཟེར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1