དམངས་གཉེར་ཁེ་ལས་མཁས་པ་འདིས་ནད་ཡམས་འགོག་ཆེད་སྒོར་ཁྲི་220བཏང་འདུག

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 02-08



          ཟླ་2ཚེས་3ཉིན་གྱི་སྔ་དྲོར། བོད་ལྗོངས་རྟ་ར་འོག་ཚོགས་པ་ཚད་ཡོད་ཀུང་སིས་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་མ་དངུལ་ཞལ་འདེབས་འབུལ་བའི་མཛད་སྒོ་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་འཚོགས་པ་རེད། བོད་ལྗོངས་རྟ་ར་འོག་ཚོགས་པ་ཚད་ཡོད་ཀུང་སིས་གྲོང་ཁྱེར་སྲིད་གཞུང་ལ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་མ་དངུལ་སྒོར་ཁྲི་220ཞལ་འདེབས་ཕུལ་བ་རེད། 

          གཞིས་རྩེ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་པ་སངས་ཀྱིས། དེང་སྐབས་གཞིས་རྩེ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་གྱི་འགག་རྩའི་དུས་རེད། བོད་ལྗོངས་རྟ་ར་འོག་ཚོགས་པ་ཚད་ཡོད་ཀུང་སིས་སྤྱི་ཡོངས་ལ་གཞི་ཚུགས་པ་དང་ཕངས་སེམས་མེད་པར་རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་དང་དུ་བླངས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“ཕྱུག་པོ་ཆགས་ཀྱང་འབྱུང་རྩ་མ་བརྗེད་པར་ཕ་ཡུལ་ལ་དྲིན་ལན་འཇལ་བའི”ལེགས་སྐྱེས་ཀྱི་སྙིང་སྟོབས་མངོན་པར་བྱས་ཏེ། རང་གྲོང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་བརྗོད་པ་རེད། 

          དེ་ཉིན་སྔ་དྲོར། བོད་ལྗོངས་རྟ་ར་འོག་ཚོགས་པ་ཚད་ཡོད་ཀུང་སིའི་འགན་འཁུར་བས་ད་དུང་གྲོང་ཁུལ་གྱི་དམངས་ཕན་ཞབས་ཞུའི་ས་ཚིགས་དང་། ཞིབ་བཤེར་ས་ཚིགས། གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སོགས་སུ་བསྐྱོད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་སྨན་དོན་མི་སྣར་འཚམས་འདྲི་བྱས་པ་མ་ཟད། ཁྱོན་བསྡོམས་རིན་ཐང་སྒོར་ཁྲི་35ལྷག་ཙམ་རི་བའི་འཚམས་འདྲིའི་དངོས་ཟོག་ཞལ་འདེབས་ཕུལ་འདུག

          གཞན་ཡང་གནས་ཚུལ་སྤེལ་བར་གཞིགས་ན། བོད་ལྗོངས་རྟ་ར་འོག་ཚོགས་པས་ད་དུང་རིན་སྤུངས་རྫོང་མི་དམངས་སྲིད་གཞུང་ལ་རིམས་ནད་སྔོན་འགོག་གི་མ་དངུལ་སྒོར་ཁྲི་100ཞལ་འདེབས་ཕུལ་འདུག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1