གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༢ཚེས་༡༡ཉིན།

དཀར་མཛེས་ཁུལ་གྱི་ནད་པ་གཉིས་ཏོག་གསར་གློ་ཚད་དྲག་སྟེ་སྨན་ཁང་ནས་ཕྱིར་བུད།

    ཟླ2ཚེས10ཉིན་གྱི་ཕྱི་དྲོར། རང་ཁུལ་གྱི་ཏོག་དབྱིབས་ནད་དུག་གསར་པའི་ཟུར་བཀར་སྨན་ཁང་ནས་མི་སེམས་འགུལ་བའི་གཏམ་བཟང་ཞིག་གྲགས་བྱུང་སྟེ། དེ་ནི་རང་ཁུལ་གྱི་ཏོག་དབྱིབས་ནད་དུག་ཐོག་མ་ཕོག་པའི་ནད་པ2ནད་གཞི་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་བུད་ཡོད་པའི་གཏམ་བཟང་རེད། ནད་པ་གཉིས་པོ་ནི་སྐྱེས་པ་ཞིག་དང་བུད་མེད་ཞིག་ཡིན་པ་རེད།

    ནད་པ་ཀྲུའུ་ཆེ་གེ་མོ་ནི་རང་ལོ25ཡིན་ལ། བུད་མེད། སི་ཁྲོན་ཝུའུ་ཧན་གྱི་མི་ཡིན། ཟླ1ཚེས20ཉིན་ཝུའུ་ཧན་ནས་དཀར་མཛེས་ཁུལ་གསེར་རྟ་རྫོང་དུ་ཡོང་། ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་མངོན་པས་དེ་འཕྲལ་ཟུར་བཀར་ལྟ་ཞིབ་བྱས། ཟླ1ཚེས25ཉིན་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཡིན་པ་གཏན་འཁེལ་བྱུང་བས། ཁུལ་མི་དམངས་སྨན་ཁང་དུ་སྨན་བཅོས་བྱས་པ་རེད། ཉིན16གི་རིང་ལ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་རྗེས་ནད་རྟགས་མེད་པར་གྱུར།
    ཟླ2ཚེས6ཉིན་དང་ཚེས8ཉིན་ཁུལ་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་ནད་དུག་ཞིབ་དཔྱད་ཚད་ལེན་ཐེངས་གཉིས་བྱས་པར་ནད་དུག་ཚང་མ་མེད་པར་གྱུར་ཡོད་པ་གཏན་ཁེལ་བྱུང་། དེ་ནས་ཆེད་མཁས་སྨན་པ་ཚོགས་ཆུང་གིས་དཔྱད་འཇོག་བྱས་པ་བརྒྱུད། ནད་པ་འདི་ནི《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་པར་གཞི་ལྔ་པ)》གཞིར་བཟུང་སྟེ་སྨན་ཁང་ནས་ཕྱིར་བུད་ཆོག་པའི་ཚད་གཞི་རུ་སླེབས་ཡོད་པ་གཏན་ཁེལ་བྱུང་བས། ཟླ2པའི་ཚེས10ཉིན་གྱི་ཕྱི་དྲོ་སྨན་ཁང་ནས་ཕྱིར་བུད་ཡོད་པ་རེད།
    ནད་པ་འཇམ་ཆེ་གེ་མོ། སྐྱེས་པ། རང་ལོ51ལ་སླེབས་ཡོད། དཀར་མཛེས་ཁུལ་རྟའུ་རྫོང་གི་མི་ཡིན། ཟླ1ཚེས24ཉིན་ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་བྱུང་བས་དེ་འཕྲལ་ཟུར་བཀར་ལྟ་ཞིབ་བྱས། ཟླ1ཚེས27ཉིན་ཏོག་དབྱིབས་ནད་དུག་གསར་པའི་་གློ་ཚད་ཡིན་པ་གཏན་འཁེལ་བྱས་ཤིང་ཁུལ་མི་དམངས་སྨན་ཁང་དུ་སྨན་བཅོས་བྱས། ཉིན15ཡི་རིང་ལ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་རྗེས་ནད་རྟགས་མེད་པར་གྱུར།

    ཟླ2ཚེས6ཉིན་དང་ཚེས8ཉིན་ཁུལ་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་ནད་དུག་ཞིབ་དཔྱད་ཚད་ལེན་ཐེངས་གཉིས་བྱས་པར་ནད་དུག་ཚང་མ་མེད་པར་གྱུར་ཡོད་པ་གཏན་ཁེལ་བྱུང་། དེ་ནས་ཆེད་མཁས་སྨན་པ་ཚོགས་ཆུང་གིས་དཔྱད་འཇོག་བྱས་པ་བརྒྱུད། ནད་པ་འདི་ནི《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་པར་གཞི་ལྔ་པ)》གཞིར་བཟུང་སྟེ་སྨན་ཁང་ནས་ཕྱིར་བུད་ཆོག་པའི་ཚད་གཞི་རུ་སླེབས་ཡོད་པ་གཏན་ཁེལ་བྱུང་བས། ཟླ2པའི་ཚེས10ཉིན་གྱི་ཕྱི་དྲོར་སྨན་ཁང་ནས་ཕྱིར་བུད་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1