ཁ་སང་དཀར་མཛེས་ཁུལ་གྱི་ནད་པ་6དྲག་སྟེ་སྨན་ཁང་ནས་ཕྱིར་བུད།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-04



        ཁ་སང་སྟེ་སྤྱི་ཟླ་3པའི་ཚེས་3ཉིན། ཧྭ་ཞི་སྨན་ཁང་དཀར་མཛེས་སྨན་ཁང་(དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་)གི་སྨན་པ་རྣམས་ཀྱིས་སྨན་བཅོས་ཡག་པོ་བྱས་པའི་དྲིན་ལས། དཀར་མཛེས་ཁུལ་གྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་6ནད་ལས་དྲག་སྟེ་སྨན་ཁང་ནས་ཕྱིར་བུད་པ་དང་། ད་བར་དུ་དཀར་མཛེས་ཁུལ་གྱི་ཏོག་གསར་གློ་ཚད་ཕོག་མཁན་78ལས་ནད་པ་53དྲག་ནས་སྨན་ཁང་ལས་ཕྱིར་བུད་ཡོད་པ་རེད།

1.སྐྱེས་པ་ཚེ་ཆེ་གེ་མོ་ནི་རྟའུ་རྫོང་གི་མི་རེད། ལོ54རེད། ཟླ2པའི་ཚེས6ཉིན་ནད་དུག་གསར་པ་ཕོག་མཁན་ཡིན་པ་ཐག་བཅད་རྗེས་སྨན་ཁང་ནང་སྨན་བཅོས་བྱས་པ་རེད།
2.སྐྱེས་པ་བློ་ཆེ་གེ་མོ་ནི་རྟའུ་རྫོང་གི་མི་རེད། ལོ49རེད། ཟླ2པའི་ཚེས6ཉིན་ནད་དུག་གསར་པ་ཕོག་མཁན་ཡིན་པ་ཐག་བཅད་རྗེས་སྨན་ཁང་ནང་སྨན་བཅོས་བྱས་པ་རེད།
3.བུད་མེད་ལི་ཆེ་གེ་མོ་ནི་རྟའུ་རྫོང་གི་མི་ཡིན། ལོ39རེད། ཟླ2པའི་ཚེས13ཉིན་ནད་དུག་གསར་པ་ཕོག་མཁན་ཡིན་པ་ཐག་བཅད་རྗེས་སྨན་ཁང་ནང་སྨན་བཅོས་བྱས་པ་རེད།
4.སྐྱེས་པ་ཚེ་ཆེ་གེ་མོ་ནི་རྟའུ་རྫོང་གི་མི་རེད། ལོ47རེད། ཟླ2པའི་ཚེས21ཉིན་ནད་དུག་གསར་པ་ཕོག་མཁན་ཡིན་པ་ཐག་བཅད་རྗེས་སྨན་ཁང་ནང་སྨན་བཅོས་བྱས་པ་རེད།
5.སྐྱེས་པ་སྐལ་ཆེ་གེ་མོ་ནི་རྟའུ་རྫོང་གི་མི་རེད། ལོ46རེད། ཟླ2པའི་ཚེས19ཉིན་ནད་རྟགས་མེད་པའི་ནད་པར་ཐག་བཅད། ཟླ2པའི་ཚེས27ཉིན་དངོས་སུ་ནད་དུག་ཕོག་པར་ཐག་བཅད་དེ་སྨན་ཁང་ནང་སྨན་བཅོས་བྱས་པ་རེད།
6.པའི་ནད་པར་ཐག་བཅད། ཟླ2པའི་ཚེས25ཉིན་དངོས་སུ་ནད་དུག་ཕོག་པར་ཐག་བཅད་དེ་སྨན་ཁང་ནང་སྨན་བཅོས་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1