དག་ཞིང་གི་རྔ་བ། ལྗོངས་སྐོར་གྱི་ཕ་ས་ཡིན།

གྲགས་པ་བསྟན་འཛིན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-19




རྔ་བ་་ཁུལ་གྱིས་ས་ཁོངས་ཧྲིལ་པོའི་ལྗོངས་སྐོར་འཕེལ་རྒྱས་བཏང་བའི་སྐོར་གྱི་སྤྱི་བཤད།
     རིག་གནས་དང་ལྗོངས་སྐོར་མཉམ་འདྲེས་བྱེད་པ་དང་། དེ་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བྱས་ཏེ། ཁུལ་གཅིག་དང་རྒྱུད་བཞིའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་གསར་སྐྲུན་བྱས་ནས། རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ལྗོངས་སྐོར་དཔེ་སྟོན་ཁུལ་སྐྲུན་པ་ལ་སྔར་ལས་འཕེལ་རྒྱས་འབྱུང་བར་འགན་ལེན་དགོས། ལོ་ཧྲིལ་པོར་ལྗོངས་སྐོར་བ་སྣེ་ལེན་ཞུ་ཚད་བརྒྱ་ཆ་22ཡས་མས་འཕར་བ་དང་། ལྗོངས་སྐོར་གྱི་སྤྱིའི་ཡོང་འབབ་བརྒྱ་ཆ་33ཡས་མས་འཕར་ཡོད།  སྤྱི་ལོ་2019ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་2020ལོའི་རང་ཁུལ་གྱི་ས་ཁོངས་ཧྲིལ་པོའི་ལྗོངས་སྐོར་འཕེལ་རྒྱས་གྱི་དམིགས་ཚད་ཁ་གསལ་བཏོན་ཡོད། 
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལྗོངས་སྐོར་ལས་རིགས་ནི་གསར་དར་ཐོན་ལས་ཡིན་པས་འཕེལ་རྒྱས་འགྲོ་བཞིན་པའི་སྒང་ཡིན་པས། གསང་སྤྱོད་གསར་བརྗེར་དམ་འཛིན་བྱས་པ་བཞིན་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས་ལྗོངས་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏོང་དགོས་ཞེས་ནན་བཤད་གནང་། 
    རང་ཁུལ་ནི་ལྗོངས་སྐོར་ཁུལ་ཆེན་པོ་ཞིག་ཡིན་པའི་ཆ་ནས། ས་ཁོངས་ཧྲིལ་པོའི་ལྗོངས་སྐོར་འཕེལ་རྒྱས་གཏོང་བའི་དུས་སྐབས་བཟང་བོ་ལས་གཡོལ་མི་རུང་། ད་ཆ་ཆའང་རིགས་རི་བོ་དང་། བོད་ཀྱི་གྲོང་སྡེ། སྤང་ལྗོངས། འཁྱགས་རོམ། ཆུ་ཚན། རྒྱང་སྐྱོད་སོགས་ལྗོངས་སྐོར་གྱི་གྲུབ་ཆ་སྣ་ཚོགས་སྒོ་ཀུན་ནས་འཕེལ་རྒྱས་འགྲོ་བཞིན་པའི་ས་ཁོངས་ཧྲིལ་པོའི་ལྗོངས་སྐོར་གྱི་རྣམ་པ་གསར་པ་ཞིག་ཆགས་བཞིན་པའི་སྒང་ཡིན་པ་དང་། དོམ་ཁྲའི་ཁྱིམ་གཞིས། དག་ཞིང་གི་རྔ་བ་ཞེས་པའི་བཀྲག་མདངས་འཚེར་བའི་མིང་བྱང་དེ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆོད་པའི་དམིགས་ཚད་མངོན་འགྱུར་འབྱུང་བར་བརྩོན་བཞིན་ཡོད། 




མཉམ་འདྲེས་ཀྱིས་སྣ་མང་ལྗོངས་སྐོར་ལ་གསོན་ཤུགས་གསར་པ་བསྣན།
   ཕུན་སུམ་ཚོགས་པའི་ལྗོངས་སྐོར་ཐོན་ཁུངས་ཀྱིས་ས་ཁོངས་ཧྲིལ་པོའི་ལྗོངས་སྐོར་འཕེལ་རྒྱས་ལ་ཐུན་མོང་མ་ཡིན་པའི་ལེགས་ཆ་མཁོ་འདོན་བྱས་ཡོད། སྤྱི་ལོ་2019ལོར། སྐབས་བཞི་ལ་སྤེལ་ཟིན་པའི་ཧུང་ཡོན་རྩྭ་ཐང་ཆེན་མོའི་དབྱར་དུས་ཀྱི་ནོར་གནག་རོལ་དབྱངས་དུས་སྟོན་ཉིན་ལྔའི་རིང་སྤེལ་བས། རོལ་དབྱངས་ལ་དགའ་མཁན་དང་ལྗོངས་སྐོར་བ་ཁྲི་20ལྷག་གི་ཡིད་དབང་བཀུག  རོལ་དབྱངས་དུས་སྟོན་ལ་ཡུལ་དངོས་ནས་ལྟ་མཁན་མི་ཁྲི་87785ཟིན་པ་དང་། ཁྱོན་ལྗོངས་སྐོར་བ་མི་ཁྲི་14.91ལ་སྣེ་ལེན་བྱེད་པ་དང་། ལྗོངས་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་1.16ཡོད་པས་ཡོང་འབབ་ཟིན་ཐོ་སླར་ཡང་གསར་བ་བཏོད་པ་རེད། 

  རྩྭ་ཐང་གི་རོལ་དབྱངས་དུས་སྟོན་ནས་རི་འཛེག་དུས་སྟོན་གྱི་བར་དང་། དེ་ནས་གངས་ཤུད་དུས་སྟོན་གྱི་བར། རྔ་བའི་ལྗོངས་སྐོར་མཉམ་འདྲེས་འཕེལ་རྒྱས་དེ་རྣམ་པ་ཙམ་མིན་པར་དངོས་སུ་བྱེད་ཐབས་སྣ་མང་ལ་བརྟེན་ནས་མཉམ་འདྲེས་བདུན་གྱི་འཕེལ་རྒྱས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས། ས་ཁོངས་ཧྲིལ་པོའི་ལྗོངས་སྐོར་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་བཏོད་དེ། ལྗོངས་སྐོར་འཕེལ་རྒྱས་ལ་སྔར་བས་ཁྱད་ཆོས་ལྡན་པ་དང་།  གསོན་ཤུགས་ལྡན་པ།  ཡིད་དབང་འཕྲོག་ཤུགས་ལྡན་པ་བཅས་བྱས། 
མཛེས་ལྗོངས་ཁུལ་གཙོ་བོ་འཕེལ་རྒྱས་བཏང་ནས་སྣེ་འདྲེན་ནུས་པ་སྐྱེད་སྲིང་བྱས། 
   ཁུལ་ཡོངས་ཀྱི་ལྗོངས་སྐོར་འཕེལ་རྒྱས་གཏོང་མགོ་ཚུགས་མ་ཐག་པའི་སྐབས། གཟི་རྩ་སྡེ་དགུ་དང་གསེར་མཚོ་མཛེས་ལྗོངས་ཁུལ་ཆེན་པོ་གཉིས་ནི་རྔ་བའི་ལྗོངས་སྐོར་གྱི་གནས་གཙོ་བོ་གཉིས་ཡིན། 8·8གཟི་རྩ་སྡེ་དགུའི་ས་ཡོམ་གྱི་ཤུགས་རྐྱེན་འོག་མཛེས་ལྗོངས་ཁུལ་ཆེན་པོ་དེ་གཉིས་གནས་སྐབས་སུ་སྒོ་གཏན་ནས་སླར་གསོ་བྱས། 
   མཛེས་ལྗོངས་ཁུལ་གྱི་ལྗོངས་སྐོར་དེ་ས་ཁོངས་ཧྲིལ་པོའི་ལྗོངས་སྐོར་དུ་འགྱུར་བར་བྱེད་པ་ནི་རང་ཁུལ་གྱི་ལྗོངས་སྐོར་ལས་རིགས་རྒྱུད་འཛིན་བྱས་པ་ཞིག་དང་འཕེལ་རྒྱས་ཤིག་རེད། ན་ནིང་འཚོགས་པའི་ཁུལ་ཡོངས་ཀྱི་རིག་གནས་ལྗོངས་སྐོར་དང་ས་ཁོངས་ཧྲིལ་པོའི་ལྗོངས་སྐོར་འཕེལ་རྒྱས་ཚོགས་ཆེན་སྐབས་དང་པོར།  ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ལྗོངས་སྐོར་དཔེ་སྟོན་ཁུལ་བསྐྲུན་རྒྱུར་དམིགས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ལྗོངས་སྐོར་གྱི་སྤྱིའི་འཆར་འགོད་ལེགས་སུ་གཏོང་བ་དང་། མཛེས་ལྗོངས་ཁུལ་གཙོ་བོའི་རྒྱ་ཆེ་རུ་གཏོང་བ། སྤུས་ལེགས་ལམ་ཐིག་སྐྱེད་སྲིང་ཤུགས་ཆེན་བྱེད་པ། ཁུལ་གཅིག་དང་རྒྱུད་བཞིའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་པ་བཅས་བྱེད་དགོས་པ་ནན་བཤད་གནང་། 
   རྗེས་མར་རང་ཁུལ་གྱིས་མུ་མཐུད་དུ་ལྗོངས་སྐོར་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱ་ངེས་ཡིན་པ་སྟེ། གཟི་རྩ་སྡེ་དགུ་དང་གསེར་མཚོ་ཤིན་ཏུ་ལེགས་པའི་ལྗོངས་སྐོར་ཁུལ་ཞིག་ཏུ་བསྐྲུན་པ་དང་། ཏ་ཁོག་འཁྱག་རོམ་དང་གཉན་པོ་གཡུ་རྩེ་གཉིས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ལྗོངས་སྐོར་དཔེ་སྟོན་ཁུལ་དུ་གསར་སྐྲུན་བྱེད་པར་སྐུལ་མ་གཏོང་རྒྱུ་དང་། སྐུ་བླ་རི་བོ་A5རིམ་པའི་མཛེས་ལྗོངས་ཁུལ་དུ་གསར་སྐྲུན་དང་། གཟི་རྩ་སྡེ་དགུའི་ཀླུ་གཉན་གསེར་མཚོ་སོགས་A4རིམ་པའི་མཛེས་ལྗོངས་ཁུལ་དུ་གསར་སྐྲུན་བྱ་རྒྱུ་རེད། དེ་དང་ཆབས་ཅིག ཐེན་ཧྥུའུ་ལྗོངས་སྐོར་གྲགས་ཅན་རྫོང་1དང་། ས་ཁོངས་ཧྲིལ་པོའི་ལྗོངས་སྐོར་དཔེ་སྟོན་རྫོང་3བསྐྲུན་རྒྱུ་བརྩོན་ལེན་བྱས་ཏེ། རྔ་ཁུལ་འདི་མི་མང་པོས་ཡིད་སྨོན་བྱེད་པའི་སྐྱེད་ཁམས་ཁུལ་དང་། བདེ་སྐྱིད་ལྡན་པའི་གནས། མཛེས་སྡུག་ལྡན་པའི་ཁུལ་བཅས་སུ་རིམ་བཞིན་འགྱུར་བར་བྱ་རྒྱུ་རེད།

གསར་སྐྲུན་གྱིས་གྲོང་གསེབ་ཀྱི་ལྗོངས་སྐོར་ལ་གསོན་ཤུགས་གསར་བ་རྒྱས། 
    ལྗོངས་སྐོར་ལས་རིགས་ནི་ཉི་གཞོན་ལྟ་བའི་ཐོན་ལས་ཤིག་དང་། རང་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་དང་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད། གཞི་འཛིན་སའི་གྲངས་ལས་མངོན་པ་ལྟར་ན། ན་ནིང་རང་ཁུལ་གྱིས་ལྗོངས་སྐོར་བ་མི་ཁྲི་2950སྣེ་ལེན་བྱེད་པ་དང་། ལྗོངས་སྐོར་ཡོང་འབབ་སྒོར་དུང་ཕྱུར་213.3ཟིན་པས།  ལོ་སྔོན་མ་ལས་བརྒྱ་ཆ་24.53དང་བརྒྱ་ཆ་27.95འཕར་ཡོད་པ་རེད། གྲངས་ཀ་དང་གྲུབ་འབྲས་རེ་རེ་ལས། རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ལྗོངས་སྐོར་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ་དང་། ཁུལ་ཡོངས་ཀྱི་ལྗོངས་སྐོར་ལས་རིགས་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་སླེབས་པར་བརྩོན་བཞིན་ཡོད། 
   ཏོག་གསར་གློ་ཚད་རིམ་བཞིན་ང་ཚོ་དང་རིང་དུ་བཀྱེད་རྗེས། རྔ་ཁུལ་གྱི་ས་ཁོངས་ཧྲིལ་པོའི་ལྗོངས་སྐོར་གྱིས་མཚར་སྡུག་ལྡན་པའི་དཔྱིད་ཀྱི་དཔལ་མོ་ཞིག་བསུ་བར་སེམས་ཐག་གོར་མོ་རྡོ་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1