དཀར་མཛེས་རྫོང་གིས་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཀྱི་ལམ་བུ་གསར་པ་བཏོད་ནས་དུད་ཚང1387ལྷག་གི་བདེ་སྡོད་ཕུགས་འདུན་མངོན་འགྱུར་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 03-26



      དཔྱིད་དུས་ཀྱི་དཀར་མཛེས་རྫོང་དུ་བསིལ་རླུང་ལྡང་སྟེ་གང་སར་ལྗང་མྱུག་འབུས་ནས་སྐྱེས་སྟོབས་ཀྱི་དཔལ་འབར་བཞིན་ཡོད་ཅིང་། སྲིབ་ངོ་ཤང་ཧོར་ཁོག་ནང་གྲོང་ཚོར་སྐྱོད་སྐབས་ངར་ལྕགས་བསྒྲིགས་ནས་སྒྱུར་བཀོད་བྱས་པའི་ཁང་རྙིང་གི་རྣམ་པ་གསར་པས་མི་རྣམས་ཀྱི་མིག་དབང་འཕྲོག་པར་བྱེད། 
          “སྔར་གྱི་ཁང་པ་ལས་པ་ཅུང་སྔ་བས།  ཁང་པའི་ཀ་བ་དང་གདུང་མར་རུལ་ཞིག་ངེས་ཅན་བྱུང་ཡོད་པས། རྩིག་རྨང་མར་རྡིབ་པ་དང་གྱང་ངོས་གས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད། ད་ལྟ་ཡོམ་འགོག་བརྟན་བཟོ་བྱས་རྗེས། ཁང་པ་བདེ་འཇགས་སྡོད་ཁང་གི་ཚད་གཞིར་སླེབས་ཡོད”ཅེས་གྲོང་མི་ལྷ་མོ་མཁའ་འགྲོས་སེམས་ལྷོད་དུ་བཏང་ནས་དེ་ལྟར་བཤད། 

འདི་ནི་བསྒྱུར་བཀོད་མ་བྱས་གོང་གི་ཉེན་ཡོད་ཁང་པ་རེད། 
          ད་ལོ་ལོ་67ལ་སླེབས་པའི་ལྷ་མོ་མཁའ་འགྲོ་ནི་གྲོང་ཚོའི་ནང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་། ཁྱིམ་ཚང་གང་བོར་བཟའ་མི་བཞི་ཡོད། ཁོ་ཚོའི་སྡོད་ཁང་ནི་ས་ཤིང་གིས་ལས་པའི་ཁང་པ་རྙིང་པ་ཡིན་ཞིང་། དེ་ལས་ཡུན་རིང་བ་དང་སྡོད་ཡུན་རིང་བས་Cརིམ་པའི་ཉེན་ཡོད་ཁང་པར་གཏན་ཁེལ་བྱས་པ་རེད། ད་ལྟའི་བར་ལྷ་མོ་མཁའ་འགྲོ་ཚང་གིས་ས་ཞིང་འདེབས་པ་དང་ཕྱིར་གླ་རྒྱག་པར་སོང་ནས་འཚོ་བ་སྐྱེལ་གྱི་ཡོད་ཅིང་། ཁོ་ཚང་གི་དཔལ་འབྱོར་གྱི་ཡོང་ཁུངས་ལ་ཚད་ཡོད་པས། ཁང་པར་ཉམས་གསོ་བྱེད་རྒྱུའི་མ་དངུལ་འདང་ངེས་ཤིག་མེད།  2017ལོར་དཀར་མཛེས་རྫོང་གིས་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཁྲོད་གནས་པའི་གནད་དོན་ལ་དམིགས་ནས་ཁུལ་ཡོངས་སུ་སྔོན་ལ་ཉེན་ཡོད་ཁང་པའི་ནང་གཏོར་སྐྱོན་ཕོག་ཚད་ཅུང་དམའ་བའི་ཁང་པར་ཉམས་གསོ་བརྟན་གཏོང་བྱེད་པའི་བསམ་ཚུལ་བཏོན་ཞིང་། ལྷ་མོ་མཁའ་འགྲོ་ཚང་གི་ཁང་པའང་དེའི་ནང་དུ་བཞག་ཡོད། 
    
འདི་ནི་བརྟན་པོར་བཏང་རྗེས་ཀྱི་སྡོད་ཁང་རེད། 
          “བརྟན་གཏོང་སྒྱུར་བཀོད་བྱེད་པར་འགྲོ་གྲོན་ཉུང་བ་དང་། ཕན་འབྲས་ཐོན་མགྱོགས་པ། དུས་ཐུང་བ་ཡིན”ཞེས་ལྷ་མོ་མཁའ་འགྲོས་རྩོམ་པ་པོར་དེ་ལྟར་ངོ་སྤྲོད་བྱས་ཤིང་། ཁང་པ་འདིས་ཐོག་མའི་ཉམས་གསོ་བརྟན་གཏོང་བྱས་པ་ནས་སྒྱུར་བཀོད་ལེགས་གྲུབ་བྱུང་བའི་བར་དུ་བརྟན་གཏོང་གི་ཁ་གསབ་མ་དངུལ་སྒོར་ཁྲི་གཉིས་དང་། རྣམ་པ་སྒྱུར་བཀོད་ཀྱི་མ་དངུལ་སྒོར་སྟོང་གཉིས་ལོངས་སྤྱོད་ཐུབ་ཡོད་དེ་རང་གིས་སྤྱིར་ན་སྒོར་བཏང་མེད་པས་ཁུར་པོ་ཧ་ཅང་ཇེ་ཡང་དུ་ཕྱིན་ཡོད། དཀར་མཛེས་རྫོང་དུ་ལྷ་མོ་མཁའ་འགྲོ་དང་འདྲ་བར་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཀྱི་སྲིད་ཇུས་ལོངས་སྤྱོད་ཐུབ་པའི་མང་ཚོགས་ད་དུང་མང་པོ་ཡོད། 
          ཉེ་བའི་ལོ་ཤས་རིང་། རྫོང་དེས་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་གི་གསོག་ཚད་ཆེ་བ་དང་། ཁང་པ་བཟོ་བའི་མ་རྩ་མཐོ་བའི་གནད་དོན་ལ་དམིགས་ཏེ་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་3449བཏང་ནས་རྫོང་ཡོངས་ཀྱི་ཤང(གྲོང་རྡལ)22ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ངེས་ཅན་ཡོད་པའི་ཞིང་འབྲོག་པའི་སྡོད་ཁང་1387ལ་ཉེན་འབུད་བརྟན་གཏོང་བྱས་ནས། ཞིང་འབྲོག་པའི་སྡོད་ཁང་གི་བདེ་འཇགས་འགན་ལེན་བྱས་ཏེ་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཀྱི་ལམ་བུ་གསར་པ་ཞིག་བཏོད་ཡོད་པ་རེད། 
          “ཡོམ་འགོག་བརྟན་གཏོང་གི་རྣམ་པ་གཙོ་བོ་ནི་མང་ཚོགས་ཀྱི་རང་གྲབས་མ་དངུལ་གྱི་ནུས་པ་ཞན་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན”ཞེས་དཀར་མཛེས་རྫོང་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་དགེ་འདུན་གྱིས་དེ་ལྟར་ངོ་སྤྲོད་བྱས་ཤིང་། ཁོང་གིས་རྫོང་དེའི་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་མང་ཆེ་བ་ནི་བོད་བཟོའི་ཤིང་སའི་རྒྱུ་ཆས་གྲུབ་པ་ཡིན་ཞིང་། དེ་ཡོངས་ཁྱབ་ཀྱིས་རྙིང་པ་ཡིན་པ་དང་། ཤིང་ཆར་བརླན་ཕོག་ནས་རུལ་བའི་གནས་ཚུལ་ཅུང་མངོན་གསལ་ཡིན་པ་དང་།  སྡོད་ཁང་གི་ཡོམ་འགོག་གེགས་སེལ་གྱི་ནུས་པ་ཞན་པས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངེན་ངེས་ཅན་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། རྫོང་དེས་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་བྱ་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ཀྱི་ལས་འགན་ཁྲོད་ཀྱི་གཞི་རྩའི་སྡོད་ཁང་བདེ་འཇགས་དང་འགན་ལེན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། དོན་དངོས་དང་ཟུང་འབྲེལ་གྱིས་ཉེན་ཡོད་སྡོད་ཁང་བརྟན་གཏོང་དང་ཉམས་གསོ་གསར་གཏོད་དང་ཁྱབ་གདལ་དུ་གཏོང་བ་དང་། ཞིང་དུད་ཀྱིས་སྔོན་ལ་བརྟན་གཏོང་དང་ཉམས་གསོའི་བྱེད་ཐབས་སྤྱད་དེ་སྡོད་ཁང་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བཏང་བ་དང་། གང་ནུས་ཀྱིས་སྡོད་ཁང་བཤིག་པ་དང་བསྐྱར་སྐྲུན་མི་བྱེད་པར་མང་ཚོགས་ཀྱི་ཁུར་པོ་ཇེ་ཡང་དུ་བཏང་ནས། ཞིང་པས་སྡོད་ཁང་བརྒྱབ་ནས་དབུལ་པོ་ཆགས་པར་མི་ཡོང་བ་བྱེད་དགོས་ཞེས་བཤད། 
          རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། དཀར་མཛེས་རྫོང་གིས་ཆེད་ལས་ཀྱི་གསལ་འབྱེད་ལས་ཁུངས་གདན་དྲངས་ཏེ་རྫོང་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སྡོད་ཁང་གི་གནས་ཚུལ་ལ་ཁྱོན་ཡོངས་ནས་དབྱེ་འབྱེད་གསལ་འབྱེད་བྱས་ཏེ། “ཁང་པར་བརྟེན་ནས་མི་འཚོལ་བ་དང་། དུད་ཚང་ལ་བརྟེན་ནས་ཁང་པ་འཚོལ་བ། ཉེན་ཡོད་སྡོད་ཁང་དུ་མི་འདུག་པ་དང་། མི་སྡོད་ཁང་པ་དེ་ཉེན་ཡོད་ཁང་པ་མིན་པ”བཅས་ཀྱི་བླང་བྱ་ལྟར་དུད་ཚང་རེ་རེ་བཞིན་བརྟག་དཔྱད་བྱས་ནས་བཀོལ་སྤྱོད་བྱེད་པའི་གོ་རིམ་ཚང་མ་“ཡོངས་བསྒྲགས”བྱེད་པར་འགན་ལེན་བྱས་པ་དང་། “སྡོད་ཁང་ཡོད་པ་དང་། སྡོད་ཁང་ལ་འཚམ་པའི”འདུ་ཤེས་དེ་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་“ཉེན་ཁ་ཆེ་ཤོས་ཀྱི་སྡོད་ཁང་དང་དཀའ་ངལ་ཆེ་ཤོས་ཀྱི་མང་ཚོགས”ལ་སྡོད་སའི་ཁང་པ་ཡོད་པའི་དངོས་ཡོད་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད། 
          བདེ་བར་འཁོད་ན་གཞི་ནས་ལས་ལ་བརྩོན་ཐུབ་ཅེས་པ་ལྟར། དཀར་མཛེས་རྫོང་གིས་“དམངས་འཚོའི་བདེ་འཁོད”ཀྱི་ཕུགས་འདུན་མངོན་འགྱུར་བྱུང་བའི་ལས་ལ་གཞོལ་ཏེ། རྒྱ་ཆེའི་སྡོད་ཁང་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གིས་སྲིད་གཞུང་གི་འགན་ལེན་བརྒྱུད་དེ་“སེམས་ཁྲལ་སྡོད་ཁང”ནས་“སྡོད་ཁང་སྤུས་ལེགས”སུ་བསྒྱུར་བ་དངོས་སུ་མངོན་འགྱུར་བྱུང་སྟེ། གྲོང་ཁྱེར་གྱི་མི་དང་འདྲ་བའི་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད་པ་རེད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1