སི་ཁྲོན་མི་རིགས་སློབ་གླིང་ལྕགས་ཟམ་སློབ་ཁུལ་ལས་འགོ་ཚུགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-02



   ཟླ3པའི་ཚེས31ཉིན་དཀར་མཛེས་ཁུལ་གྱི2020ལོའི་དུས་ཚིགས་དང་པོའི་ལས་གཞི་གལ་ཆེན་མོ་གཅིག་སྡུད་ཐོག་ནས་འགོ་ཚུགས་པ་དང་སི་ཁྲོན་མི་རིགས་སློབ་གླིང་ལྕགས་ཟམ་སློབ་ཁུལ་གྱི་དུས་ཐེངས་དང་པོའི་ལས་འགོ་ཚུགས་པའི་མཛད་སྒོ་ལྕགས་ཟམ་རྫོང་དུ་སྤེལ་བ་རེད།


   སི་ཁྲོན་མི་རིགས་སློབ་གླིང་ལྕགས་ཟམ་སློབ་ཁུལ་ལས་གཞི་ནི་ལྕགས་ཟམ་རྫོང་གི་ཝ་ཡའོ་ཀང་གྲོང་དང་ཝ་གྱའོ་གྲོང་། ཐང་ཧྥང་གྲོང་བཅས་ཀྱི་ས་ཁུལ་ལ་ཡོད་པ་དང་། སློབ་འཛུགས་གཞི་ཁྱོན་ནི་མི10000ཤོང་བ་དང་། སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ས་མུའུ1001.97ལ་ཟིན་ཞིང་། སློབ་གྲྭའི་སྐྲུན་དངོས་རྒྱ་ཁྱོན་སྨི་གྲུ་བཞི་མ324600ལ་ཟིན། གཅིག་གྱུར་གྱི་འཆར་འགོད་དང་དུས་བགོས་ལྟར་ལག་ལྟར་བྱེད་དགོས་པའི་རྩ་དོན་ནང་བཞིན། 2022ལོའི་སྔོན་ལ་དུས་རིམ་དང་པོའི་ལྕགས་ཟམ་སློབ་ཁུལ་འཛུགས་ཚར་རྒྱུ་དང་། མི2500ཤོང་རྒྱུ། སློབ་གྲྭའི་རྒྱ་ཁྱོན་ས་མུའུ103.02་ལ་ཟིན་ཞིང་། སློབ་གྲྭའི་སྐྲུན་དངོས་རྒྱ་ཁྱོན་སྨི་གྲུ་བཞི་མ54500ཟིན། 2024ལོའི་སྔོན་དུ་དུས་རིམ་གཉིས་པའི་ལྕགས་ཟམ་སློབ་ཁུལ་འཛུགས་ཚར་རྒྱུ་དང་། མི་3500ཤོང་རྒྱུ། སློབ་གྲྭའི་རྒྱ་ཁྱོན་ས་མུའུ340.72ཟིན་ཞིང་། སློབ་གྲྭའི་སྐྲུན་དངོས་རྒྱ་ཁྱོན་སྨི་གྲུ་བཞི་མ108500ཟིན། 2029ལོའི་སྔོན་དུ་དུས་རིམ་གསུམ་པའི་ལྕགས་ཟམ་སློབ་ཁུལ་འཛུགས་ཚར་རྒྱུ་དང་། མི་4000ཤོང་རྒྱུ། སློབ་གྲྭའི་རྒྱ་ཁྱོན་ས་མུའུ558.22ལ་ཟིན་ཞིང་། སློབ་གྲྭའི་སྐྲུན་དངོས་རྒྱ་ཁྱོན་སྨི་གྲུ་བཞི་མ161600ལ་ཟིན།
   སི་ཁྲོན་མི་རིགས་སློབ་གླིང་ལྕགས་ཟམ་སློབ་ཁུལ་ལས་འགོ་ཚུགས་པས་དཀར་མཛེས་ཁུལ་ལ་ཞིང་ཆེན་ནང་གི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་ཨང་དང་པོའི་གྲས་ཤིག་འཛུགས་པ་དང་། ཤེས་ཡོན་མི་སྣ་གང་མང་གསོ་སྐྱོང་བྱེད་པར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1