སེར་ཤུལ་རྫོང་ལ་ཚད་རིམ་་5.6ཅན་གྱི་ས་འགུལ་བྱུང་བ། ​

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-02



     སྤྱི་ཟླ་4པའི་ཚེས་1ཉིན་གྱི་ཆུ་ཚོད་20དང་སྐར་མ་23ཐོག་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་དུ་༼བྱང་འཕྲེད་33.04དང་ཤར་གཞུང་98.92༽ས་འགུལ་རིམ་པ་5.6ཅན་ཞིག་བྱུང་ཞིང་།  འགུལ་ཁུངས་ཟབ་ཚད་སྟོང་སྨི་10རེད།
     ས་འགུལ་བྱུང་རྗེས་སེར་ཤུལ་རྫོང་གི་ལས་དོན་ཚོ་ཆུང་ཁྲོ་ཤུལ་གོང་མ་ཡུལ་ཚོ་ལ་སོང་སྟེ་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་དང་།     འགྲིམ་འགྲུལ་ཅུས་ཀྱི་ལས་དོན་ཚོ་ཆུང་གིས་ཤར་ཁུལ་དང་ནུབ་ཁུལ། ལོ་ཕྱུག་བཅས་ཀྱི་གཞུང་ལམ་དང་ཟམ་པ་ལ་བརྟག་དཔྱད་བྱས། དེ་དག་ལ་གནོད་སྐྱོན་ཐེབས་མི་འདུག  སྤྱི་བདེ་ཉེན་རྟོག་པ་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་དོན་པ་རྣམས་ཀྱིས་ཡུལ་དངོས་སུ་གུར་20ཕུབ་པ་ལས་ཡུལ་མི་བཀོད་སྒྲིག་བྱེད་སར་གུར་18དང་ཁྲ་རྒྱ་སློབ་ཆུང་ལ་གུར་2བཅས་ཡོད་ལ། དུད་ཁ་21གི་མི་128གནས་སྐབས་སུ་ཕུབ་པའི་གུར་ནང་བསྡད་པ་རེད།

     ས་འགུལ་བྱུང་རྗེས་སེར་ཤུལ་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱིས་དུས་ཐོག་ཏུ་ཁ་པར་བརྒྱུད་ནས་རྫོང་ཡོངས་ཀྱི་ཉེན་ཁ་ཡོད་པའི་ས་གཤིས་172ལ་རྒྱུས་ལོན་བྱས་པ་ལས་གོ་བ་ལྟར་ན། ད་བར་ས་གནས་དེ་དག་ལ་སྐྱོན་བྱུང་མི་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1