ཤིས་ཁྲང་གི་ནགས་ཚལ་མེ་སྐྱོན་གྱི་མེ་གསོད་ལས་དོན་ལ་གྲུབ་འབྲས་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-04



     གསར་འགོད་པས་སི་ཁྲོན་ཞིང་ཆེན་ཤིས་ཁྲང་གྲོང་ཁྱེར་ཅིང་ཅིའུ་ཤང་ནགས་ཚལ་མེ་སྐྱོན་མཉམ་འགོག་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། མེ་གསོད་རུ་མི་3600ལྷག་ཙམ་གྱིས་བསྟུད་མར་འབད་འཐབ་བྱས་པ་བརྒྱུད་ཚེས་2ཉིན་གྱི་ཆུ་ཚོད་12དང་སྐར་མ་1བར་ཤིས་ཁྲང་གྲོང་ཁྱེར་ཅིང་ཅིའུ་ཤང་གི་ནགས་ཚལ་མེ་སྐྱོན་གྱི་མེ་གསོད་ལས་དོན་ཁྲོད་མེ་མུ་མཐུད་དུ་མཆེད་པ་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་པ་དང་། མེ་གསོད་ལས་དོན་གྱི་ཁ་ཕྱོགས་དེ་དུ་གནས་གཙང་སེལ་དང་། མེ་རོ་འགོག་སྲུང་། མེ་ཐལ་བསྐྱར་འབར་ལ་འགོག་སྲུང་ནན་མོ་བྱེད་པའི་ཕྱོགས་སུ་བསྒྱུར་བ་རེད།



ཟླ་4ཚེས་2ཉིན་གྱི་སྔ་དྲོ་པར་བླངས་པའི་སི་ཁྲོན་ཞིང་ཆེན་ཤིས་ཁྲང་གྲོང་ཁྱེར་ཅིང་ཅིའུ་ཤང་གི་ནགས་ཚལ་མེ་སྐྱོན་ཐོན་ཡུལ་གྱི་ཤར་ལྷོའི་ལམ་ཐིག(གློག་རྫས་བཟོ་གྲྭའི་རྒྱབ་རིའི་ཁུལ)གི་གནས་ཚུལ། 

    གསར་འགོད་པས་ཤིས་ཁྲང་ནས་ཤེས་རྟོགས་བྱུང་པར་གཞིགས་ན། ཉེ་དུས་ས་གནས་དེ་གའི་དྲོད་ཚད་མཐོ་ཙམ་ཡོད་པ་དང་མཁའ་རླུང་སྐམ་ཤས་ཆེ་བ་དང་ལྷག་པར་དུ་ཕྱི་དྲོ་ལྷགས་པ་ཆེན་པོ་རྒྱག་སླ་བ་དང་རླུང་ཕྱོགས་འགྱུར་ལྡོག་ཆེ་བས་ཉིན་གསུམ་ཙམ་རིང་མེ་སྐྱོན་ཐོན་ཡུལ་ལ་གནས་ཚུལ་གཅིག་པ་ཐེངས་མང་ཐོན་ཡོད། ཚེས་2ཉིན་གྱི་ཆུ་ཚོད་15བར་མེ་ཤོར་བའི་ནགས་ཁུལ་དུ་ད་དུང་དུ་གནས་མི་ཉུང་བ་ཞིག་ཡོད་པས། བསྐྱར་འབར་ལ་སྔོན་འགོག་བྱེད་པའི་གོམ་སྟབས་ལྷོད་མི་ཉན་པ་རེད།



ཟླ་4ཚེས་2ཉིན་སི་ཁྲོན་ཞིང་ཆེན་ཤིས་ཁྲང་གྲོང་ཁྱེར་ཅིང་ཅིའུ་ཤང་གི་ནགས་ཚལ་མེ་སྐྱོན་ཐོན་ཡུལ་གྱི་ཤར་ལྷོའི་ལམ་ཐིག(གློག་རྫས་བཟོ་གྲྭའི་རྒྱབ་རིའི་ཁུལ)ཏུ་མེ་གསོད་རུ་ཁག་གིས་དུ་གནས་གསོད་བཞིན་པ།

     མེ་རོ་བསྐྱར་འབར་སྔོན་འགོག་བྱ་ཆེད། མཉམ་འགོག་བཀོད་འདོམས་པུས་མེ་གསོད་རུ་མི་3200ལྷག་ཙམ་བཀོད་སྒྲིག་བྱས་ནས་འགོག་སྲུང་ནན་པོ་བྱས་པ་རེད། རི་གཤམ་དུ་མེ་ཟོན་ཐད་འཕུར་གནམ་གྲུ་3གྱིས་ཆུས་ཧའེ་དང་མེ་སྐྱོན་ཐོན་ཡུལ་བར་དུ་ཆུ་ལེན་ཆུ་གཏོར་བྱས་ནས་དུས་འགོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བཞིན་ཡོད་པ་རེད།
    ཟླ་4ཚེས་3ཉིན་གསར་འགོད་པས་ལེའང་ཧྲན་ཁུལ་སྣོད་བཅུད་ཁོར་ཡུག་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལེའང་ཧྲན་ཁུལ་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་བའི་ས་ཚིགས་ཀྱིས་ཤིས་ཁྲང་གྲོང་ཁྱེར་ཅིང་ཅིའུ་ཤང་གི་ནགས་ཚལ་མེ་སྐྱོན་གྱི་ཁོར་ཡུག་སྤུས་ཚད་ལ་འཕྲལ་སྡོམ་ལྟ་ཞིབ་ཚད་ལེན་རྒྱུན་མཐུད་བྱས་པ་དང་ལྟ་ཞིབ་ཚད་ལེན་གྱི་མྱུར་འཕྲིན་གསར་ཤོས་ལ་གཞིགས་ན། མེ་བསད་རྗེས་མིག་སྔར་ཤིས་ཁྲང་གི་མཁའ་རླུང་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ཡག་པོ་ཡོད་པ་རེད།


རྩོམ་ཡིག་སྔོན་མ།
དེ་རིང་མྱ་ངན་ཞུ།
རྩོམ་ཡིག་རྗེས་མ།
རྒྱལ་ཡོངས་ཀྱིས་མྱ་ངན་ཞུས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1